ནེའུ་ཙེ་ལན་རྒྱལ་ཁབ་ཏང་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-11-28

ནེའུ་ཙེ་ལན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་པའི་ཐོག་མའི་མཇུག་འབྲས་ལྟར་ན། ད་ལྟའི་ཙུང་ལི་ཡའོ་ཧན་ཅི་ཡིས་མགོ་ཁྲིད་པའི་རྒྱལ་ཁབ་ཏང་ལ་ཉིན་དེར་སྤེལ་བའི་གྲོས་ཁང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་སྟེ། ཡང་བསྐྱར་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ་པ་རེད།

ཐོག་མའི་མཇུག་འབྲས་ལྟར་ན། རྒྱལ་ཁབ་ཏང་ལ་འདེམ་བསྐོའི་ཁྲོད་བརྒྱ་ཆའི་ཞེ་བརྒྱད་ཀྱི་སྲིད་ཏང་འདེམ་ཤོག་ཐོབ་པ་དང་། འགུལ་སྐྱོད་ཏང་དང་མཉམ་འབྲེལ་མ་འོངས་ཏང་གཉིས་བར་མཉམ་འབྲེལ་སྲིད་གཞུང་འཛུགས་པར་གྲོས་མོལ་བྱེད་རྒྱུ་རེད། ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་བཟོ་བའི་ཏང་ལ་བརྒྱ་ཆའི་ཉེར་བདུན་ཙམ་གྱི་སྲིད་ཏང་འདེམ་ཤོག་ཐོབ།

  • ལེ་ཚན་སྔོན་མ།:ཨེ་ཅིབ་སྲིད་གཞུང་གིས་གྲོས་ཁང་འདེམ་བསྐོ་དུས་ལྟར་སྤེལ་རྒྱུ་ཁྱབ་སྒྲོག་བྱས་པ།
  • ལེ་ཚན་རྗེས་མ།:འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱི་གློག་བརྙན་ཁྱི་རྒན་ཞེས་པར་བྱ་དགའ་ཆེན་པོ་ཞིག་འཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།