ཨེ་ཅིབ་རྒྱལ་ཁབ་ཀྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་གྲོས་ཁང་འདེམ་བསྐོ་བྱེད་རྒྱུ་ཡིན་པ།

    ཞིན་ཧྭ་གསར་འགྱུར་དྲ་བ    2011-09-29

ཨེ་ཅིབ་དྲག་ཆས་དམག་དཔུང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་སྔོན་ཆད་ཀྱི་ཙུང་ཐུང་མུའུ་པཱ་ལཱ་ཁི་ཡིས་དབང་ཆ་བསྐྱུར་བའི་ཚུན་གྱི་གྲོས་ཁང་གི་འདེམ་བསྐོ་ཐོག་མ་སྤེལ་རྒྱུ་ཐག་གཅོད་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དྲག་ཆས་དམག་དཔུང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་གྲོས་ཁང་ཞོལ་མའི་འདེམ་བསྐོ་བྱེད་རྒྱུ་ཡིན་པ་དང་། སང་ལོའི་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་གྲོས་ཁང་གོང་མའི་འདེམ་བསྐོ་བྱེད་རྒྱུ་ཐག་བཅད། གྲོས་ཁང་ཞོལ་མའི་འདེམ་བསྐོ་དེ་དུས་རིམ་གསུམ་དུ་བགོས་ཡོད་པ་དང་དུས་རིམ་རེ་རེར་ཞིང་ཆེན་དགུ་རེ་འདུས། དུས་རིམ་དང་པོ་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་མགོ་རྩོམ་རྒྱུ་ཡིན་པ་དང་། དུས་རིམ་གཉིས་པ་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་མགོ་རྩོམ་རྒྱུ་རེད། དུས་རིམ་གསུམ་པ་སང་ལོའི་ཟླ་དང་པོའི་ཚེས་གསུམ་ཉིན་མགོ་རྩོམ་རྒྱུ་རེད།

དྲག་ཆས་དམག་དཔུང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་དཔོན་པོ་ཞིག་གིས་བཤད་རྒྱུར། གསར་དུ་བདམས་པའི་གྲོས་ཁང་ཞོལ་མ་དེས་སང་ལོའི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་དངོས་སུ་བྱ་བ་གཉེར་མགོ་རྩོམ་རྒྱུ་ཡིན་པ་དང་། གྲོས་ཁང་གོང་མ་སང་ལོའི་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་དངོས་སུ་རྩ་འཛུགས་བྱེད་རྒྱུ་རེད་ཟེར།

དྲག་ཆས་དམག་དཔུང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་བཟོ་བཅོས་བྱས་རྗེས་ཀྱི་འདེམ་བསྐོ་བཅའ་ཁྲིམས་ཤིག་ཁྱབ་སྒྲོག་བྱས་པ་དང་། འདེམ་བསྐོའི་བཅའ་ཁྲིམས་གསར་བའི་གཏན་འཁེལ་ལྟར་ན། གསར་དུ་བཙུགས་པའི་གྲོས་ཁང་ཞོལ་མའི་ལས་གནས་དེ་སྔོན་ཆད་ཀྱི་ལྔ་བརྒྱ་དང་བརྒྱད་ནས་བཞི་བརྒྱ་དང་གོ་བརྒྱད་དུ་ཇེ་ཉུང་དུ་བཏང་ཡོད་པ་དང་། གྲོས་ཁང་གོང་མའི་ལས་གནས་དེ་སྔོན་ཆད་ཀྱི་སུམ་བརྒྱ་དང་དགུ་བཅུ་ནས་ཉིས་བརྒྱ་དང་བདུན་ཅུར་ཇེ་ཉུང་དུ་གཏོང་གཏོང་རྒྱུ་རེད།

  • ལེ་ཚན་སྔོན་མ།:ཐུར་ཁེའི་སྲིད་གཞུང་གིས་གྲོས་ཁང་གིས་རྒྱལ་ཁོངས་བརྒལ་ནས་ཁུའུ་ཨར་ཏི་དྲག་ཆས་པར་ཆམ་ཕབ་གཏོང་བའི་ཡུན་ཚད་ཇེ་ར
  • ལེ་ཚན་རྗེས་མ།:ཧན་གོ་དང་པུར་ཀ་རི་ཡཱའི་ཙུང་ལི་ཡིས་གྲོས་མོལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།