2011-09-06
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཡཱ་ཏེན་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་ཚེས3ཉིན་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་དམག་མི5རྐྱེན་ལམ་དུ་ཤོར་བ་དང་། གཞན་དམག་མི8ལ་རྨས་ཕོག རླངས་འཁོར་གྱི་ཁ་ལོ་བ་དེ་ཡང་ཤི་བ་རེད།
ཡཱ་ཏེན་ཞིང་ཆེན་གྱི་བདེ་འཇགས་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། རང་སྲོག་གཅོད་པའི་རླངས་འཁོར་ཞིག་ཉིན་དེར་ཡཱ་ཏེན་གྲོང་ཁྱེར་གྱི་ཨ་ལཱ་མུའུ་ས་ཁུལ་གྱི་ཞིབ་བཤེར་ས་ཚིགས་ཤིག་ནས་འགས་གཏོར་བཏང་བ་དང་། ཉུང་མཐར་ཡང་དམག་མི5རྐྱེན་ལམ་དུ་ཤོར་བ་དང་། དམག་མི8ལ་རྨས་ལྗིད་མོ་ཕོག་ཟེར།
དཔོན་པོ་དེས་བཤད་རྒྱུར། ཞིབ་བཤེར་ས་ཚིགས་དེ་ཡཱ་ཏེན་ནས་རྟེན་གཞི་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་པའི་ཨ་པུས་དབྱང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅིན་ཅི་པཱ་ཨར་གྲོང་ཁྱེར་དུ་བགྲོད་སའི་གཞུང་ལམ་གཙོ་བོའི་སྟེང་ཡོད་པ་དང་། སྲིད་གཞུང་དམག་གིས་མིག་སྔར་རོགས་སྐྱོར་དམག་མི་མང་བོ་མངག་གཏོང་བྱས་ཏེ་ཅིན་ཅི་པཱ་ཨར་ལ་དཔུང་འཇུག་བྱེད་རྩིས་ཡོད་ཟེར།
དཔོན་པོ་དེས་བལྟས་ན་རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པར་འདོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10