2011-09-06
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་སྨན་བཅོས་དང་རྒུད་སྐྱོབ་སྡེ་ཁག་གིས་ཚེས3ཉིན་བདེན་དཔང་བྱས་དོན། སོ་མཱ་ལིའི་དབུས་ཕྱོགས་ས་ཁུལ་ནས་ཚེས2ཉིན་ནས་བཟུང་སྟེ་བསྟུད་མར་འཁྲུག་རྩོད་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི28རྐྱེན་ལམ་དུ་ཤོར་བ་དང་མི་མང་བོར་རྨས་ཕོག་ཟེར།
སོ་མཱ་ལིའི་དབུས་ཕྱོགས་ཀྱི་ཅཱ་ཨར་ཁཱ་ཡུག་ཚོ་ཁག་གི་ཚོ་དཔོན་ཧྥ་ལཱ་ཧི་ཡིས་ཉིན་དེར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སོ་མཱ་ལིའི་པང་ཐི་ལན་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་དམག་དཔུང་དང་ས་དེའི་ཚོ་ཁག་དྲག་ཆས་མི་སྣས་ཚེས2ཉིན་ནས་བཟུང་རྒྱལ་ས་མའོ་ཅཱ་ཏིས་ཧྲའི་བྱང་ངོས་ཀྱི་སྤྱི་ལེ750མཚམས་སུ་ཡོད་པའི་ཅཱ་ཨར་ཁཱ་ཡུག་གྲོང་བརྡལ་ནས་འཁྲུག་རྩོད་བྱས་པ་དང་། ཚེས3ཉིན་འཁྲུག་རྩོད་ཀྱི་རྣམ་པ་སྔར་ལས་ཛ་དྲག་ཏུ་གྱུར། ས་དེའི་མང་ཚོགས་ཀྱིས་བདེན་དཔང་བྱས་དོན། ཤི་རྨས་བྱུང་བའི་མི་མང་ཤས་ཕྱོགས་གཉིས་ཀྱི་འཁྲུག་རྩོད་མི་སྣ་རེད་ཟེར།རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མིག་སྔར་འཁྲུག་རྩོད་དེའི་འབྱུང་རྐྱེན་ད་རུང་གསལ་བོར་མི་ཤེས། པང་ཐི་ལན་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་དཔོན་རིགས་ཀྱིས་བཤད་རྒྱུར། ཉིན་དེར་སྲིད་གཞུང་དམག་དཔུང་དང་འཁྲུག་རྩོད་བྱེད་མཁན་གཙོ་བོ་ནི་སོ་མཱ་ལིའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དབྱི་སི་ལན་ན་གཞོན་འགུལ་བསྐྱོད་ཅེས་པའི་འབྲེལ་ཡོད་དྲག་ཆས་ཉེས་ཅན་ཡིན་ཟེར། ཡིན་ན་ཡང་ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལས་འཁྲུག་རྩོད་བྱུང་བའི་ཕྱོགས་གཉིས་ནི་པང་ཐི་ལན་རང་སྐྱོང་ས་ཁུལ་གྱི་དམག་དཔུང་དང་ས་དེའི་རིགས་རྒྱུད་ཚོ་བའི་དྲག་ཆས་པ་རེད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10