ཧན་གོ་རྒྱལ་ཁབ་ཀྱིས་འཇར་པན་སྲིད་གཞུང་གསར་བས་ལོ་རྒྱུས་དང་ལེན་བྱས་ཏེ་མཉམ་ལས་སྲུང་འཛིན་བྱེད་དགོས་པའི་རེ་བ་བཏོན་པ།

        2011-09-05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཕྱི་འབྲེལ་ཚོང་འགྲིམ་པུའུ་ཡིས་ཚེས2ཉིན་གསལ་སྒྲོག་སྤེལ་ཏེ། འཇར་པན་སྲིད་གཞུང་གསར་བས་ལོ་རྒྱུས་དང་ལེན་བྱས་ཏེ་མཉམ་ལས་སྲུང་འཛིན་བྱས་ནས། ཧན་གོ་དང་འཇར་པན་གྱི་འབྲེལ་བ་དེ་མ་འོངས་པར་ཁ་ཕྱོགས་པའི་འབྲེལ་བ་བཟང་བོར་འགྱུར་དུ་འཇུག་དགོས་པའི་རེ་བ་བཏོན།གསལ་སྒྲོག་ལས་ཧན་གོ་སྲིད་གཞུང་གིས་འཇར་པན་གྱི་སྲིད་འཛིན་པའི་དམངས་གཙོ་ཏང་གི་འཐུས་མི་ཡེ་ཐེན་ཅཱ་ཡན་སྐབས་གསར་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་དུ་བདམས་ཏེ་ནེ་ཀི་སྒྲིག་འཛུགས་བྱས་པར་རྟེན་འབྲེལ་ཞུ་བཞིན་ཡོད་པ་དང་། ཧན་གོ་སྲིད་གཞུང་གིས་ཡེ་ཐེན་ཅཱ་ཡན་གྱིས་མགོ་ཁྲིད་པའི་འཇར་པན་སྲིད་གཞུང་གིས་ལོ་རྒྱུས་དང་ལེན་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྲུང་འཛིན་དང་ཤུགས་སྣོན་བྱས་ཏེ། ཧན་གོ་དང་འཇར་པན་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།གསལ་སྒྲོག་ལས་ཧན་གོ་དང་འཇར་པན་གྱི་འབྲེལ་བའི་འཕེལ་རྒྱས་དེ་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་བརྟན་འཇགས་དང་དར་རྒྱས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བས། ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་ནམ་རྒྱུན་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་སྲུང་འཛིན་བྱེད་པར་འབད་བརྩོན་བྱེད་དགོས་ཟེར། 

  • ལེ་ཚན་སྔོན་མ།:དབྱི་སི་རལ་གྱི་མི་འབུམ་བཞིས་ཁྲོམ་སྐོར་བྱས་ཏེ་ཁང་བ་དང་དངོས་རྫས་ཀྱི་རིན་གོང་ཇེ་མཐོར་སོང་བར་ངོ་རྒོལ་བྱས
  • ལེ་ཚན་རྗེས་མ།:བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ9བའི་རེས་སྐོར་ཀྲུའུ་ཞིས་བྱ་བའི་གཙོ་གནད་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།