2011-09-05
ཨར་ཅི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨར་ཅི་རི་ཡཱའི་བདེ་འཇགས་སྡེ་ཁག་གིས་ཉེ་སྔོན་ལི་པུ་ཡཱ་དང་ཨ་ཧྥུའུ་ཧན་ལ་འབྲེལ་བའི་རྒྱལ་མཚམས་ས་ཁུལ་་ནས་མཚོན་ཆ་སྐོར་ཞིག་རྩད་ཆོད་ཟེར།
ཨར་ཅི་རི་ཡཱའི་བདེ་འཇགས་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལྐོག་འཚོང་ཚོགས་པའི་ལག་ནས་གཞུང་བཞེས་བྱས་པའི་དམག་ཆས་བརྒྱ་དང་ང་བདུན་ཁྲོད་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་སྒྲིག་ཆས་དང་། འགས་གཏོར་སྒྲིག་ཆས། མདའ་དང་འགད་རྫས་སོགས་ཡོད། ཐོན་སྐྱེད་ཀྱི་ཨང་གྲངས་ལྟར་ན། མཚོན་ཆ་དེ་དག་ནི་དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་ཀྱིས་ཉིས་སྟོང་བརྒྱད་ནས་ཉིས་སྟོང་བཅུ་གཅིག་ལོའི་བར་བཟོས་པ་ཡིན་ལ། ལྐོག་འཚོང་བྱེད་སའི་ཆེས་མཇུག་མཐའི་དམིགས་ཡུལ་ནི་སཱ་ཧཱ་ལཱ་ས་ཁུལ་གྱི་དྲག་ཆས་ཐལ་སྤྱོད་ཚོགས་ཁག་ཡིན་སྲིད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10