2011-08-31
ཧྥེ་ལེ་པེན་རྒྱལ་ཁབ་ཀྱི་གནོད་སེལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་གཅིག་བར་དུ། ནན་མཱ་ཏུའུ་ཞེས་པའི་དྲག་རླུང་གིས་ཧྥེ་ལེ་པེན་རྒྱལ་ཁབ་ནས་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག གཞན་ཡང་མི་བརྒྱད་གར་སོང་རྙེད་མེད་ཟེར།ཧྥེ་ལེ་པེན་རྒྱལ་ཁབ་ཀྱི་གནོད་སེལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལཱ་མའོ་སི་ཡིས་བཤད་རྒྱུར། ཤི་བོ་བཅུ་དྲུག་གི་ཁྲོད་དུ་མི་བརྒྱད་དྲག་ཆར་ལས་བྱུང་བའི་རི་ཉིལ་བའི་དོན་རྐྱེན་ལས་ཤི་བ་དང་། མི་བདུན་ཆུ་ལོག་གིས་ཤི། མི་གཅིག་ཁང་བ་རྡིབས་ཏེ་གཅིར་བ་རེད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། དྲག་རླུང་ལས་ཞིང་ལས་དང་གཞུང་ལམ་སོགས་རྨང་གཞིའི་སྒྲིག་ཆས་ཐད་ཨ་མེ་རི་ཁའི་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་ལྔ་ཁྲི་གཉིས་ཀྱི་གྱོང་གུད་བཟོས་པ་རེད། མིག་སྔར་གནོད་འཚེ་ཚབས་ཆེ་བའི་ཁཱ་ཅཱ་ཡན་ཞིང་ཆེན་དང་ལོའུ་སུང་དབུས་ཕྱོགས་ས་ཁུལ། ཁི་ཏིས་ལེ་ལཱ་ས་ཁུལ་བཅས་ལ་གློག་ཆད་འདུག་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10