2011-08-25
འདི་ནི་འགས་གཏོར་བྱུང་སའི་ཡུལ་དངོས་ཀྱི་རྣམ་པ་རེད། ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་ཨ་སི་ཐི་ལཱ་ཧན་ཀྲིག་གི་དྲག་ཆས་ཚོད་ལྟ་བྱེད་ས་ཞིག་ནས་ཚེས23ཉིན་འགས་གཏོར་དོན་རྐྱེན་བྱུང་བ་དང་། བསྡོམས་པས་དམག་མི6རྐྱེན་ལམ་དུ་ཤོར་བ་དང་ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་ཨ་སི་ཐི་ལཱ་ཧན་ཀྲིག་གི་དྲག་ཆས་ཚོད་ལྟ་བྱེད་ས་ཞིག་ནས་ཚེས23ཉིན་འགས་གཏོར་དོན་རྐྱེན་བྱུང་བ་དང་། བསྡོམས་པས་དམག་མི6རྐྱེན་ལམ་དུ་ཤོར་བ་དང་ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར། བསྒྲགས་པའི་གནས་ཚུལ་ལྟར་ན། འགས་གཏོར་དོན་རྐྱེན་བྱུང་བའི་སྐབས་སུ། མིང་ལ་ཨ་ཧྲུའུ་ལུའུ་ཁི་ཞེས་པའི་དྲག་ཆས་ཚོད་ལྟ་བྱེད་ས་ནས་སྒྱོགས་མདེལ་རྙིང་བ་ཞིག་གཏོར་བཞིན་ཡོད་པ་རེད། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། འགས་གཏོར་དེ་ལས་མེ་སྐྱོན་མ་བྱུང་བ་དང་། ཉེ་འདབས་ཀྱི་སྡོད་དམངས་དག་གི་བདེ་འཇགས་ལའང་འཇིགས་ཉེན་ཐེབས་མེད་ཟེར། མིག་སྔར་དོན་རྐྱེན་དེ་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10