2011-08-24
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁའི་མཐའ་རུ་གནས་པའི་ས་ཁུལ་དུ་ཐན་སྐྱོན་བསྟུད་མར་བྱུང་བ་དང་ཆབས་ཅིག་སོ་མ་ལི་བ་མང་དག་ཅིག་རྒྱལ་སར་བྲོས་བྱོལ་དུ་སོང་ནས་དབུལ་སྐྱོབ་ཐོབ་རེ་བྱེད་པ་དང་མོ་ཀ་ཏི་ཧྲ་ཡི་བཀྲེས་ལྟོགས་ཀྱི་སྣང་ཚུལ་སྔར་བས་ཚབས་ཆེ་རུ་སོང་ཡོད་པ་རེད། མོ་ཀ་ཏི་ཧྲ་རུ་ཉུང་མཐར་ཡང་མི་ཁྲི10ལ་འཚོ་བཅུད་ཚབས་ཆེན་མི་འདང་བའི་གནས་ཚུལ་ལྷག་ཡོད་པའི་ནང་མང་ཆེ་བ་ནི་བྱིས་པ་ཡིན་ཞིང་། འདི་ནི་ཟླ8པའི་ཚེས14ཉིན་སོ་མ་ལིའི་རྒྱལ་ས་མོ་ཅ་ཏི་ཧྲ་ཡི་སྐྱབས་བཅོལ་བའི་སྡོད་སྒར་ནང་སོ་མ་ལིའི་བྱིས་པ་འགའ་ཡིས་བང་སྒྲིག་སྟེ་སྨན་བཅོས་ཞིབ་བཤེར་བྱ་རྒྱུ་སྒུག་ནས་བསྡད་པའི་གནས་ཚུལ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10