དབྱི་རག་གིས་ཨ་རིས་བཟོས་པའིF—16རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཉོ་རྩིས་བྱེད་པ།

        2011-08-03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས30ཉིན་དབྱི་རག་གི་ཙུང་ལི་མ་ལི་ཅིས་དབྱི་རག་སྲིད་གཞུང་གིས་ཨ་རིས་བཟོས་པའིF—16རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཉོ་རྩིས་ཡོད་པས་དབྱི་དམག་གི་སྐུ་ཚབ་ཚོགས་པ་ཨ་རིར་གྲོས་མོལ་བྱེད་པར་མངགས་རྒྱུ་ཡིན་ལུགས་གསུངས་ཡོད།མ་ལི་ཅིས་ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག“ཉིན་གཉིས་ཀྱི་གོང་དུ་ངས་བསྐོ་གཞག་ཡི་གེ་ཞིག་ལ་མིང་རྟགས་བཀོད་དེ་མཁའ་དམག་གི་སྐུ་ཚབ་ཚོགས་པ་དང་བློ་འདྲི་ཡུལ་ཞིག་ཨ་རིརF—16རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཉོ་རྒྱུའི་འཆར་གཞིའི་སྐོར་ལ་གྲོས་མོལ་བྱེད་པར་འགྲོ་མཁན་དུ་བསྐོ་གཞག་བྱས་པ་ཡིན།ང་ཚོས་དེ་སྔ་ཤོད་པའི་རྣམ་གྲངས18མ་ཡིན་པརF—16རྟགས་ཅན་གྱི་དམག་འཐབ་གནམ་གྲུ36ཉོ་རྩིས་ཡོད”ཅེས་གསུངས་པ་ལས་ཁོང་གིས་ད་རེས་ཉོ་སྒྲུབ་བྱ་རྒྱུའི་རྣམ་གྲངས་ཀྱི་སྤྱི་འབོར་དང་།མ་རྩའི་ཡོང་ཁུངས།སྤྲོད་ཐབས་དང་དུས་ཚོད་སོགས་ཞིབ་ཕྲའི་གནས་ཚུལ་གསལ་བཤད་གནང་མེད།འདི་ལོའི་ཟླ་བ་དང་པོར་དབྱི་རག་སྲིད་གཞུང་གིས་ཨ་རིས་བཟོས་པའིF—16རྟགས་ཅན་གྱི་དམག་འཐབ་གནམ་གྲུ18ཉོ་རྒྱུ་དུས་འགྱངས་བྱས་ཏེ་མ་དངུལ་རྣམས་ཀྱིས་བཟའ་བཅའ་ཉོས་ནས་དབུལ་པོ་ཚོར་རྒུད་སྐྱོབ་ཏུ་སྤྲོད་རྒྱུ་ཡིན་ལུགས་ཁྱབ་བསྒྲགས་བྱས་ཡོད། སྲིད་གཞུང་གི་མགྲིན་ཚབ་པ་ཏ་པ་ཀར་གྱིས་སྐབས་དེར་བཤད་པ་ལྟར་ན། དམག་འཐབ་གནམ་གྲུ18ཉོ་བར་སྔོན་ལ་སྤྲོད་རྒྱུའི་དངུལ་ཨ་སྒོར་དུང་ཕྱུར10ཡིན་པ་རེད།  །

  • ལེ་ཚན་སྔོན་མ།:ཨེ་ཅིབ་ཀྱིས་འདྲེན་གཏོང་བྱས་པའི་རང་བྱུང་སོལ་རླངས་ལྕགས་མདོང་ལ་སླར་ཡང་འཇབ་རྒོལ་ཕོག་པ།
  • ལེ་ཚན་རྗེས་མ།:ཨུ་རུ་སུས་མཚོ་དམག་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།
  • དོ་སྣང་ཆེ་བའི་རྩོམ།