ཧིན་རྡུ་ཉི་ཞི་ཡཱ་ཞིང་ཆེན་ནས་ཁྲག་བཞུར་གདོང་གཏུག་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ།

        2011-08-02

ཧིན་རྡུ་ཉི་ཞི་ཡཱའི་པཱ་པུའུ་ཡཱ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་བཤད་རྒྱུར། ཞིང་ཆེན་དེའི་ཁྲ་ཡཱ་ཧྥུན་རྫོང་ནས་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་ཁྲག་བཞུར་གདོང་གཏུག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་ཟེར། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། རྫོང་དཔོན་གྱི་འདེམ་སྒུག་མི་སྣ་གཉིས་ཀྱི་རྒྱབ་སྐྱོར་མཁན་སྐོར་ཁག་གཉིས་བར་ཁྲ་ཡཱ་ཧྥུན་རྫོང་གི་རྫོང་དཔོན་འདེམ་བསྐོའི་ཐོ་འགོད་བྱེད་ས་ནས་འཁྲུག་རྩོད་བྱུང་། སྲིད་གཞུང་གི་གཞུང་སྒྲུབ་ཁང་བ་མང་བོ་དང་སྲིད་གཞུང་གི་རླངས་འཁོར་མང་བོར་གཏོར་བརླག་ཐེབས་ཟེར།

  • ལེ་ཚན་སྔོན་མ།:རྒྱ་གར་ནས་མེ་འཁོར་གཉིས་ཐོ་བརྒྱབ་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་བཅུ་ལ་རྨས་ཕོག་པ།
  • ལེ་ཚན་རྗེས་མ།:ཐུ་ནི་ཞི་ཡཱ་དང་ལི་པུ་ཡཱའི་མཐའ་མཚམས་ས་ཁུལ་ནས་ཟིང་འཁྲུག་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།