ཨ་ཧྥུའུ་ཧན་ལྷོ་ཕྱོགས་ས་ཁུལ་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ།

        2011-08-02

ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་བཤད་རྒྱུར། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་ཧྲི་ཁཱ་ཨར་ཅཱ་ནས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་འགས་གཏོར་དོན་རྐྱེན་བྱུང་བ་དང་། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར། དེའི་ནང་དུ་བྱིས་པ་གཅིག་ཡོད་ཟེར།

ཧི་ཨར་མན་ཏི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཨེ་ཧཱ་མེད་ཏིས་ཀྱིས་བཤད་རྒྱུར། མིག་སྔར་འགས་གཏོར་དོན་རྐྱེན་ལས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། བྱིས་པ་གཅིག་ལས་གཞན་མི་བཅུ་བོ་ཚང་མ་ཉེན་རྟོག་པ་རེད། དེ་ལས་གཞན་མི་དགུ་ལ་རྨས་ཕོག དེའི་ནང་དུ་ཉེན་རྟོག་པ་བདུན་དང་མི་སེར་དཀྱུས་མ་གཉིས་ཡོད་ཟེར།

  • ལེ་ཚན་སྔོན་མ།:བྱང་ཆིངས་རྩ་འཛུགས་ཀྱིས་ལི་པུ་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་ལ་འགས་གཏོར་བཏང་བ།
  • ལེ་ཚན་རྗེས་མ།:རྒྱ་གར་ནས་མེ་འཁོར་གཉིས་ཐོ་བརྒྱབ་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་བཅུ་ལ་རྨས་ཕོག་པ།
  • དོ་སྣང་ཆེ་བའི་རྩོམ།