ཕཱ་ཁི་སི་ཐན་མཚོ་དམག་གི་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་ལྷུང་བ།

        2011-07-21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་མཚོ་དམག་གིས་ཚེས19ཉིན་བཤད་རྒྱུར། མཚོ་དམག་གི་མི་བསྡད་མེད་པའི་གནམ་གྲུ་ཞིག་ཉིན་དེར་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཁཱ་ལཱ་ཆི་ནས་སར་ལྷུང་བ་དང་། ས་ངོས་ནས་མི་སྣ་ཤི་རྨས་ཀྱི་གནས་ཚུལ་མ་བྱུང་ཟེར།

ཕཱ་ཁི་སི་ཐན་མཚོ་དམག་གི་མགྲིན་ཚབ་པས་བསྟན་དོན། མི་བསྡད་མེད་པའི་གནམ་གྲུ་དེ་གཙོ་བོ་པར་རིས་འཚོལ་སྡུད་དང་བར་སྣང་གི་ལྟ་རྟོག་ཐད་བཀོལ་བཞིན་ཡོད་ཅིང་། སྐབས་ཐོག་དེར་མི་བསྡད་མེད་པའི་གནམ་གྲུ་དེ་ཁཱ་ལཱ་ཆི་གྲོང་ཁྱེར་གྱི་བར་སྣང་དུ་རྒྱུན་ལྡན་གྱི་ལས་འགན་ལག་བསྟར་བྱེད་སྐབས། གློ་བུར་དུ་བར་སྣང་གི་བྱ་ཞིག་དང་ཐོ་བརྒྱབ་སྟེ། ཁཱ་ལཱ་ཆི་གྲོང་ཁྱེར་གྱི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭ་ཞིག་གི་ཉེ་འདབས་སུ་ལྷུང་བ་རེད་ཟེར།

མིག་སྔར་ཕཱ་ཁི་སི་ཐན་དམག་དཔུང་གིས་རྟགས་མི་འདྲ་བའི་མི་བསྡད་མེད་པའི་གནམ་གྲུ་མང་བོ་བཀོལ་སྤྱོད་བྱས་ཏེ། བར་སྣང་གི་ཉུལ་ཞིབ་དང་ལྟ་རྟོག་གི་ལས་འགན་ལག་བསྟར་བྱེད་པའི་ཐད་བཀོལ་བཞིན་ཡོད།  །

 
  • ལེ་ཚན་སྔོན་མ།:འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་ཕེན་ཡེ་ཏཱ་ནན་བསྐྱར་དར་བློན་ཆེན་དུ་བསྐོ་འཇོག་བྱས་པ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཁཱ་ཀྲ་ཧྥེའི་འཐུས་མི་དང་ཐུག་འཕྲད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།