དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 5 ཉིན་དང་། རེས་གཟའ་སྤེན་པ་ཡིན།

མའོ་སི་ཁོའི་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར་བ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-05-19

 ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་གྲོང་ཁྱེར་ལྟེ་གནས་ཀྱི་བརྩེགས་རིམ་གསུམ་ཅན་གྱི་ཐོག་ཁང་རྙིང་བ་ཞིག་ལ་ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་མེ་སྐྱོན་བྱུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར།
 ཨུ་རུ་སུའི་འཕྲལ་སྒྲུབ་གནས་ཚུལ་པུའུ་ཡི་མའོ་སི་ཁོ་སྤྱི་ཁྱབ་ཅུའུ་གསར་འགྱུར་ཁྲུའུ་ཡི་འགན་ཁུར་བ་པོ་པེ་ལེ་ཧྥུའུ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མེ་སྐྱོན་དེ་ཐོག་ཁང་གི་ཁེར་ཐོག་དང་ཉིས་ཐོག་ནས་བྱུང་བ་དང་། ཁང་བའི་བདག་པོ་ནི་རང་བཙན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ངལ་རྩོལ་པ་རེད། མི་བདུན་མེ་སྐྱོན་ཁྲོད་དུག་རླངས་ཕོག་ནས་ཤི་བ་དང་། གཞན་མི་བཞི་ལ་རྨས་ཕོག་ཟེར།
 རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། གློག་ཆས་བཀོལ་སྤྱོད་ལུགས་མཐུན་མིན་པ་ནི་མེ་སྐྱོན་འབྱུང་བའི་རྒྱུ་རྐྱེན་ཡིན་པ་རེད། ད་ལོའི་ལོ་མགོར་སྤེལ་བའི་རྒྱུན་ལྡན་གྱི་ཞིབ་བཤེར་ཁྲོད་ཐོག་ཁང་དེར་དོ་དམ་བྱེད་པའི་ཀུང་ཟི་ལ་མེ་འགོག་བྱེད་ཐབས་མི་ལེགས་པས་ཆད་པ་བཅད་མྱོང་།

  • ལེ་ཚན་སྔོན་མ།:ཐུ་ནི་ཞི་ཡཱ་རྒྱལ་ཁབ་ཀྱིས་ལི་པུ་ཡཱའི་དམག་དཔུང་གི་བཙན་འཛུལ་ལ་བཀག་འགོག་བྱས་པ།
  • ལེ་ཚན་རྗེས་མ།:ཧཱ་མཱ་སི་ཡིས་དབྱི་སི་རལ་ཁས་ལེན་མི་སྲིད་པའི་བསམ་ཚུལ་བསྟན
  • དོ་སྣང་ཆེ་བའི་རྩོམ།