ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་གཟའ་འཁོར་འདིའི་ནང་ཝ་ཧྲིན་ཏོན་ནས་བརྒྱུད་པའི་གྲོས་མོལ་བྱེད་རྒྱུ་ཡིན་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-11

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་ཉིན་བཤད་རྒྱུར། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་གྲོས་མོལ་འཐུས་མིས་གཟའ་འཁོར་འདིའི་ནང་ཝ་ཧྲིན་ཏོན་ནས་བརྒྱུད་པའི་གྲོས་མོལ་བྱེད་རྒྱུ་རེད་ཟེར།
 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཁི་ལོ་ལེ་ཡིས་བཤད་རྒྱུར། གཟའ་འཁོར་འདིའི་ནང་། དབྱི་སི་རལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་མའོ་ཨར་ཧའོ་དང་ཕཱ་ལེ་སི་ཐན་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་ཨེ་ལོས་ཁཱ་ཐི་གཉིས་ཀྱིས་ཝ་ཧྲིན་ཏོན་ནས་སོ་སོར་ཨ་མེ་རི་ཁའི་དཔོན་རིགས་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར།
 ཁི་ལོ་ལེ་ཡིས་བཤད་རྒྱུར། བརྒྱུད་པའི་གྲོས་མོལ་ནི་ཨ་མེ་རི་ཁ་དང་ཕྱོགས་སོ་སོས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཞི་བའི་གྲོས་མཐུན་འགོད་པའི་ཆེད་དུ་གྲོས་མོལ་བྱེད་དུ་བཅུག་པ་ཡིན་ལ། ཨ་མེ་རི་ཁའི་ཀྲུང་ཏུང་གནད་དོན་གྱི་ཆེད་མངག་ཕོ་ཉ་མུས་ཆེ་ཨར་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་ཞུགས་རྒྱུ་རེད་ཟེར།
  • ལེ་ཚན་སྔོན་མ།:དབྱི་ལིང་གིས་ད་ལྟའི་བར་ཉིང་རྡུལ་འདུས་ཚད་བརྒྱ་ཆའི་ཉི་ཤུ་ཡོད་པའི་ཉིང་རྡུལ་རྒྱུ་ཆ་སྤྱི་རྒྱ་བཞི་བཅུ་ཙམ་ཐ
  • ལེ་ཚན་རྗེས་མ།:ཧན་གོ་དང་འཇར་པན་གྱིས་དམག་དོན་མཉམ་ལས་གྲོས་ཆོད་འགོད་པར་ཐུན་མོང་གི་ལྟ་ཚུལ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།