སོ་མཱ་ལིའི་མཚོ་ཇག་གིས་ཕཱ་ནཱ་མཱའི་རྒྱལ་དར་བཏགས་ཡོད་པའི་དངོས་སྐྱེལ་གྲུ་གཟིངས་ཤིག་བཙན་ཁྲིད་བྱས་པ།

        2010-12-14

སོ་མཱ་ལིའི་ཉེ་འདབས་མཚོ་ཁོངས་སུ་མཚོ་ཐོག་བདེ་སྲུང་གི་ལས་འགན་ལག་བསྟར་བྱེད་བཞིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཚོ་དམག་གིས་ཚེས་བཅུ་གཉིས་ཉིན་བདེན་དཔང་བྱས་དོན། སོ་མཱ་ལིའི་མཚོ་ཇག་གིས་ཚེས་བཅུ་གཅིག་ཉིན་ཧིན་རྡུ་རྒྱ་མཚོ་ཆེན་མོ་ནས་ཕཱ་ནཱ་མཱའི་རྒྱལ་དར་བཏགས་ཡོད་པའི་དངོས་སྐྱེལ་གྲུ་གཟིངས་ཤིག་བཙན་ཁྲིད་བྱས་པ་དང་། གྲུ་ཐོག་ཏུ་བསྡོམས་པས་གྲུ་བ་ཉེར་བཞི་ཡོད་ཟེར།
 ཡོ་རོབ་གླིང་མནའ་འབྲེལ་གྱི་མཚོ་དམག་གི་མགྲིན་ཚབ་པ་ཨོ་ཁུན་ནེ་ཏིས་ཀྱིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། སོ་མཱ་ལིའི་མཚོ་ཇག་གིས་ཚེས་བཅུ་གཅིག་ཉིན་སོ་མཱ་ལིའི་ཤར་ངོས་ཀྱི་སྤྱི་ལེ་སྟོང་གཅིག་དང་ལྔ་བཅུའི་མཚམས་ཀྱི་མཚོ་ཁོངས་ནས་ལི་པུ་ལི་ཡཱའི་མཚོ་ཐོག་སྐྱེལ་འདྲེན་ཀུང་ཟིར་དབང་བའི་དངོས་སྐྱེལ་གྲུ་གཟིངས་དེ་བཙན་ཁྲིད་བྱས་པ་རེད།
 ཨོ་ཁུན་ནེ་ཏིས་ཀྱིས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་དངོས་སྐྱེལ་གྲུ་གཟིངས་དེ་མའོ་ལི་ཁྱིག་སིའི་ལུའུ་དབྱེ་སི་གྲུ་ཁ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཧྥུ་ཁྲ་དབྱེ་ལཱ་གྲུ་ཁར་བགྲོད་བཞིན་ཡོད་པ་དང་། མིག་སྔར་གྲུ་ཐོག་གི་གྲུ་
  • ལེ་ཚན་སྔོན་མ།:༢༠༡༠ལོའི་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ངང་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:ཧོང་སིན་གྱིས་ཁོས་ཀྲུང་གོར་འཚམས་འདྲི་བྱེད་པ་ནི་ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བར་ཤུགས་ས
  • དོ་སྣང་ཆེ་བའི་རྩོམ།