རྒྱལ་སྲུང་འགྲིམ་འགྲུལ་བཅའ་ཁྲིམས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

        2016-10-14

བཅའ་ཁྲིམས་དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རྒྱལ་སྲུང་དམག་དོན་གྱི་ཁྲིམས་འཛུགས་ཐོག་མ་དེ་རེད།ཏང་དང་རྒྱལ་ཁབ་ཀྱིས་དམག་དམངས་མཉམ་འདྲེས་ཀྱིས་འཕེལ་རྒྱས་བཏང་བ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས་རྗེས་ལག་བསྟར་བྱེད་པའི་བཅའ་ཁྲིམས་གལ་ཆེན་ཐོག་མ་དེ་རེད།
2017ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།ཁྱོན་བསྡོམས་དོན་ཚན་དགུ་དང་ནང་གསེས་དྲུག་ཅུ་ཡོད།རྒྱལ་སྲུང་འགྲིམ་འགྲུལ་དོ་དམ་གྱི་སྒྲིག་གཞི་དང་འགན་འཁྲི་ཁག་བགོས་ཏེ་གཏན་འབེབས་གསལ་པོར་བྱས།རྒྱལ་སྲུང་འགྲིམ་འགྲུལ་སྒྲིག་སྲོལ་དང་། འགྲིམ་འགྲུལ་ལས་གྲྭའི་སྒྲིག་བཀོད། དམངས་སྤྱོད་སྐྱེལ་འདྲེན། རྒྱལ་སྲུང་སྐྱེལ་འདྲེན། འགྲིམ་འགྲུལ་འགན་སྲུང་སོགས་ཀྱི་ལམ་ལུགས་ཚད་ལྡན་དུ་བཏང་ཡོད།

  • ལེ་ཚན་སྔོན་མ།:ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལས་དོན་ལ་འཛམ་གླིངགི་ཁས་ལེན་ཐོབ་བཞིན་ཡོད།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས《ཀྲུང་ཧྭ་ཚིག་མཛོད་ཆེན་མོ·བོད་ཡིག་བམ་པོ》རྩོམ་སྒྲིག་བྱེད་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།