དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ་ལ་འཛམ་གླིང་ཅི་ཉི་སིའི་བྱ་དགའ་ཐོབ།

ཨོ་རྒྱན་དོན་གྲུབ།        2016-04-06

དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ་ལ་འཛམ་གླིང་ཅི་ཉི་སིའི་བྱ་དགའ་ཐོབ།

བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་གྲགས་ཆེན་ཁམས་དཀར་མཛེས་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་དཔག་བསམ་དོན་གྲུབ་མཆོག་གིས་སྤྱི་ལོ༢༠༡༢ལོ་ནས་དམངས་ཁྲོད་དུ་ཕྱིན་ཏེ་ཐོག་མར་དགེ་རྟག་རིན་པོ་ཆེའི་གཞས་ཚིག་འཚོལ་བསྡུ་བྱས་ཤིང༼དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ༽ཞེས་པའི་བྲིས་གཟུགས་ཀྱི་ཞལ་ཐང་འདི་ཉིད་གསར་བཞེངས་ཀྱི་དབུ་བརྩམས། དེ་རྗེས་བོད་ཀྱི་ཤེས་ལྡན་པ་གང་མང་གིས་མཛུབ་སྟོན་དང་སྐུལ་སློང་གནང་བར་བརྟེན་དགེ་རྒན་ཁོང་ཉིད་ཀྱིས་ལོ་མང་པོའི་རིང་ལ་བརྩོན་པའི་རྒྱུན་བསྐྱངས་ཏེ་མཐར་སྤྱི་ལོ༢༠༡༦ལོའི་ཟླ་བ་གཉིས་པར་དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ་འདི་ཉིད་ལེགས་གྲུབ་བྱུང་། 

དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ་ལ་འཛམ་གླིང་ཅི་ཉི་སིའི་བྱ་དགའ་ཐོབ།དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ་ལ་འཛམ་གླིང་ཅི་ཉི་སིའི་བྱ་དགའ་ཐོབ།
 

དགེ་རྟག་གཞས་ཚིག་གི་ཡིག་གཟུགས་ཞལ་ཐང་རིང་མོ་འདི་ཉིད་ཀྱི་རིང་ཚད་ལ་སྨི༡༤༢.༨དང་ཞེང་ལ་སྨི༠.༨ཡོད་ལ། ནང་དོན་ཀྱི་ཐད་ལ་དགེ་རྟག་རིན་པོ་ཆེའི་གཞས་སུམ་ཅུ་ཙམ་འཚོལ་སྡུད་བྱས་ཡོད་པ་བརྗོད་གཞིར་བྱས་ཤིང་། ལཉྫ་དང་ཝརྟུ། དབུ་ཅན། འབྲི་ཚ། དཔེ་ཚུགས། ཁམས་ཀྱི་མཛེས་རིས། འཁྱུགས་ཡིག་སོགས་ཡིག་གཟུགས་སྣ་མང་གིས་གྲུབ་ལ། བཀྲ་ཤིས་རྟགས་བརྒྱད་དང་བཀྲ་ཤིས་རྫས་བརྒྱད། ཡི་གེ་དང་མཐའ་རྒྱན་དམར་པོ་དང་སེར་པོ། དཀར་པོ་ནག་པོ་བཅས་ཁ་མདོག་བཞི་བྱས་ཤིང་དེས་ཞི་རྒྱས་དབང་དྲག་མཚོན་པར་བྱས་པ་དང་། ཞལ་ཐང་འབྲི་བྱེད་སྨྱུ་གུ་ནི་སྲོལ་རྒྱུན་གྱི་སྨྱུག་མའི་སྨྱུ་གུ་དང་། དེང་རབས་ཀྱི་པུར་གྱིས་བྲིས་པས་གནམ་ས་དང་རི་ཆུ་ཕོ་མོ་སོགས་མཚོན་པར་བྱས་ཡོད་པའི་བོད་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་པའི་སྙིང་བཅུད།  ཡིད་ཆེས་དང་དད་འདུན་སོགས་མཚོན་པར་བྱས་ཡོད་པའི་སྔར་མེད་འཛམ་གླིང་རང་བཞིན་གྱི་དབྱངས་གསལ་སོ་བཞིའི་ཡིག་གཟུགས་ཀྱིས་ལེགས་པར་གྲུབ་པའི་གསེར་གྱི་བུམ་བཟང་ཞིག་ཏུ་གྱུར།

དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ་ལ་འཛམ་གླིང་ཅི་ཉི་སིའི་བྱ་དགའ་ཐོབ།དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ་ལ་འཛམ་གླིང་ཅི་ཉི་སིའི་བྱ་དགའ་ཐོབ།
 

དགེ་རྒན་དཔག་བསམ་དོན་གྲུབ་ཀྱིས་ཁོས་འདི་ལྟ་བུའི་ཡིག་གཟུགས་ཞལ་ཐང་རིང་མོ་གསར་བཞེངས་བྱས་པའི་དམིགས་ཡུལ་གཙོ་བོ་ནི་བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ། ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཀྱིས་མ་ཚད་ཁམས་དཀར་མཛེས་ཀྱི་ཡུལ་སྲོལ་གོམས་གཤིས་དང་གཞས། ཞབས་བྲོ་སོགས་ལ་ཞིབ་འཇུག་དང་ངོ་སྤྲོད་ཀྱི་ཆེད་དུ་ཡིན་ཞེས་གསུངས་ཤིང་།  དོན་དུ་ཡང་འདི་ལྟར་གྱུར་ཡོད་དེ།  ཉེ་ཆར་ཞལ་ཐང་རིང་མོ་འདི་ཉིད་ཧྲང་ཧེ་འཛམ་གླིང་གི་ཅི་ཉི་སིའི་བོད་ཡིག་གི་ཆེས་རིང་བའི་བྲིས་གཟུགས་ཞལ་ཐང་རིང་མོ་ཞེས་པའི་མཚན་སྙན་གྱི་བྱ་དགའ་ཐོབ་ཡོད་ལ།   ཞལ་ཐང་འདི་ཉིད་ནི་འཛམ་གླིང་ཅི་ཉི་སིའི་བང་མཛོད་དུ་རིག་པའི་གཟི་བྱིན་གྱི་འོད་མདངས་ལྷམ་མེར་འབར་བའི་བོད་ཡིག་གི་ཆེས་རིང་བའི་ཡིག་གཟུགས་ཀྱི་ཞལ་ཐང་རིང་མོ་དེར་གྱུར་ཡོད་པའོ། །  

དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ་ལ་འཛམ་གླིང་ཅི་ཉི་སིའི་བྱ་དགའ་ཐོབ།དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ་ལ་འཛམ་གླིང་ཅི་ཉི་སིའི་བྱ་དགའ་ཐོབ།


  • ལེ་ཚན་སྔོན་མ།:༄༅།།ཀྲུང་གོ་སྲིད་གཞུང་གིས་ཕུལ་བའི“ཞི་བདེའི་བུམ་པ”མཉམ་འབྲེལ་རྒྱལ་ཚོགས་སུ་བཞག་པ།
  • ལེ་ཚན་རྗེས་མ།:ཨོ་བྷ་མས་ས་ག་ཟླ་བའི་དུས་ཆེན་སྐབས་ནང་པ་ཡོངས་ལ་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།