ཞི་ཅིན་ཕིང་གིས་སོག་པོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཨི་ལི་པེ་ཀེར་ཏོར་ཅི་དང་གྲོས་མོལ་མཛད།

ཚེ་དཔལ་གྱིས་བསྒྱུར།    ཞིན་ཧྭ་གསར་འགྱུར་དྲ་བ།    2015-11-13

ཞི་ཅིན་ཕིང་གིས་སོག་པོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཨི་ལི་པེ་ཀེར་ཏོར་ཅི་དང་གྲོས་མོལ་མཛད།

  སྤྱི་ཟླ་11པའི་ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོག་པོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཨི་ལི་པེ་ཀེར་ཏོར་ཅི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་མཉམ་དུ་འབད་པ་ཆེན་པོས་ཀྲུང་གོ་དང་སོག་པོའི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱུས་སུ་འགྲོ་བར་སྐུལ་འདེད་དུ་གཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མོས་མཐུན་བྱུང་། 
  ཞི་ཅིན་ཕིང་གིས་ཀྲུང་སོག་གཉིས་ནི་ཁྱིམ་མཚེས་དང་གྲོགས་པོ་བཟང་པོ་ཡིན། དེང་སྐབས། ཀྲུང་སོག་འབྲེལ་བ་དེ་ལོ་རྒྱུས་སྟེང་གི་ཆེས་བཟང་པོའི་དུས་ལ་འཁེལ་འདུག ཀྲུང་སོག་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་ཞིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་པ་རེད། ཀྲུང་གོའི་ཕྱོགས་ནས་ཀྲུང་སོག་འབྲེལ་བ་ཚད་མཐོན་པོའི་གདེང་འཇོག་བྱེད་བཞིན་ཡོད། དུས་དང་རྣམ་པ་ཀུན་ཏུ་ཀྲུང་སོག་འབྲེལ་བ་དེ་ཀྲུང་གོའི་ཉེ་འགྲམ་གྱི་ཕྱི་འབྲེལ་ཁྲོད་ཆེས་གལ་ཆེན་གྱི་གོ་གནས་སུ་བཞག་ཡོད། ཀྲུང་གོའི་ཕྱོགས་ནས་སོག་པོ་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་གཅིག་གྱུར་དང་དེ་མིན་སོགས་པོ་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱ་ངེས། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དུ་དྲང་བདེན་སྒོས་ཀྲུང་སོག་འབྲེལ་བ་འཕེལ་རྒྱས་སུ་གཏང་པ་དང་། མཉམ་འབྲེལ་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དངོས་དོན་མཉམ་འབྲེལ་རྒྱ་སྐྱེད་གཏང་ངེས། ང་ཚོས་སོག་པོའི་ཕྱོགས་ནས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏང་པ་ཕྱི་འབྲེལ་སྲིད་ཇུས་ཀྱི་འཐབ་ཇུས་གཙོ་བོར་བཟུང་བ་དང་། སོག་པོའི་ཕྱོགས་ནས་ཀྲུང་གོའི་ཁེ་ཕན་གཙོ་བོའི་ཐད་ནས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་གནང་བར་གཟེངས་བསྟོད་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱི་བློ་བརྟན་འགྱུར་མེད་སྒོས་ཆབ་སྲིད་དང་དཔལ་འབྱོར། དམག་དོན། མི་ཆོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་འབྲེལ་ལ་སྐུལ་འདེད་གཏང་སྟེ་མཉམ་འབྲེལ་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་རེ་བ་ཡོད་ཅེས་བསྟན།
  ཨི་ལི་པེ་ཀེར་ཏོར་ཅི་ཡིས་སོག་པོའི་ཕྱོགས་ནས་སོག་ཀྲུང་གི་ཕྱོགས་ཡོངས་མཉམ་ལས་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་སུ་གཏང་བར་འབད་པ་བྱེད་བཞིན་ཡོད། ཐེངས་འདིའི་ཀྲུང་གོའི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དུ་གཏང་འདོད། སོག་པོའི་ཕྱོགས་ནས་སོག་ཀྲུང་མཛའ་འབྲེལ་ཕྱི་འབྲེལ་འཐབ་ཇུས་ཀྱི་གཙོ་གནད་དུ་བཟུང་སྟེ་ཀྲུང་གོའི་ཕྱོགས་ཀྱི་མཐོ་རིམ་དང་ཁྲིམས་འཛུགས། རྒྱལ་སྲུང་། ཞི་སྲུང་སོགས་ཁྱབ་ཁོངས་ཀྱི་འབྲེལ་འདྲེས་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་ཀྱི་ཡིད་ཆེས་དང་ཁེ་ཕན་མཉམ་འབྲེལ་གོང་འཕེལ་དུ་གཏང་འདོད། སོག་པོའི་ཕྱོགས་ནས་ཀྲུང་གོས་ཞིང་ཕྱུགས་ལས་དང་སྲོག་ཆགས་རྩི་ཤིང་གི་ནད་ཡམས་བརྟག་ཞིབ། རིག་གནས་དང་སློབ་གསོ། ཚན་རིག། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་བར་རེ་བ་ཡོད། སོག་པོའི་ཕྱོགས་ནས་ཀྲུང་གོ་དང་ཨུ་རུ་སུ་གསུམ་གྱི་མཉམ་འབྲེལ་དང་ཀྲུང་གོའི་རྒྱལ་སྤྱིའི་ལས་ཀའི་ཁྲོད་ཀྱི་ལངས་ཕྱོགས་དང་ལྟ་ཚུལ་ལ་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་བརྗེ་རེས་དང་སྙོམས་སྒྲིག་བྱེད་པར་རེ་བ་ཡོད་ཅེས་བསྟན།།
  གྲོས་མོལ་གནང་ཚར་རྗེས་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚན་རིག་དང་ཟས་རིགས་བདེ་འཇགས། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན། མཁའ་བསྐྱོད། ནུས་ཁོངས། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ཡིག་ཆར་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།
  གྲོས་མོལ་འགོ་མ་ཚུགས་པའི་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོགས་ཁང་བྱང་མར་ཨི་ལི་པེ་ཀེར་ཏོར་ཅི་ལ་དགའ་བསུའི་མཛད་སྒོ་སྤེལ།།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་དང་མ་དབྱིང་ཅིའུ་མཇལ་འཛོམས་གནང་བ།
  • ལེ་ཚན་རྗེས་མ།:གྲོང་གསེབ་ཡུལ་སྐོར་གྱིས་སི་ཁྲོན་དབུལ་སྐྱོར་འགག་སྒྲོལ་ལ་ཕན་ནུས་ཐོན།
  • དོ་སྣང་ཆེ་བའི་རྩོམ།