ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་མཛད།

    ཀྲུང་གོ་བོད་ཀྱི་དྲ་བ།    2017-07-07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོ་དང་འཇར་མན་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔའི་རིང་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་དེས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། ཉིས་སྟོང་བཅུ་བཞི་ལོར་བདག་གིས་ཐོག་དང་པོར་འཇར་མན་ལ་རྒྱལ་དོན་འཚམས་འདྲི་བྱེད་སྐབས་ཀྲུང་གོ་དང་འཇར་མན་བར་ལ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གཏན་གནས་གསར་བ་གཏན་འཁེལ་བྱས། ལོ་གསུམ་གྱི་རིང་ལ། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱི་རྐྱེན་སྲོལ་དེ་རྒྱལ་ཁབ་གཉིས་ཀྱིས་འབྲེལ་འདྲིས་བྱེད་པའི་ཁྱབ་ཁོངས་ཡོངས་སུ་ཁེབས་ཡོད་ལ། དཔལ་འབྱོར་ཉོ་ཚོང་དང་ལག་རྩལ། ཕན་ཚུན་དངུལ་གཏོང་མཉམ་ལས་བརྒལ་གཏོར་གསར་བ་བྱུང་བ་དང་། མི་གཞུང་བརྗེ་རེས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་གྱུར་ཞིང་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་འཕེལ་རྒྱས་དུས་སྐབས་སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ། སྦས་ཤུགས་སྔོག་འདོན་བྱས་ནས་ཀྲུང་གོ་དང་འཇར་མན་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མའོ་ཁི་ཨར་གྱི་བཤད་རྒྱུར། དེང་སྐབས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་འོག་ཏུ། འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་སྣེ་མང་སྤྱི་ཁོག་ནང་གི་མཉམ་ལས་དང་དམ་པོར་སྦྲེལ་ཏེ། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་མཉམ་དུ་སྲུང་སྐྱོབ་བྱེད་བྱེད་དགོས། འཇར་མན་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་དངུལ་གཏོང་གྲོས་མཐུན་གྲོས་མོལ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པར་མ་ཟད་མུ་མཐུད་དུ་ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་ཉེར་དགུ་བ་ཚོགས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཨུ་རུ་སི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས།
  • དོ་སྣང་ཆེ་བའི་རྩོམ།