ཨ་སཱ་ཏི་ཁའེ་སི་ཕཱ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དུ་བདམས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-08-17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གིས་ཚེས་བཅོ་ལྔ་ཉིན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་འདེམ་བསྐོ་བྱས། དྲང་བདེན་ལས་འགན་ཏང་གི་ཨ་སཱ་ཏི་ཁའེ་སི་འགྲན་ཡ་ལས་རྒྱལ་ཏེ། སྐབས་གསར་བའི་གྲོས་དཔོན་དུ་བདམས་ཐོན་བྱུང་། རྒྱལ་དམངས་གྲོས་ཁང་གི་སྔོན་ཆད་ཀྱི་གྲོས་དཔོན་སཱ་ཏིས་ཁི་ཡིས་ཉིན་དེའི་འདེམ་བསྐོའི་བྱ་འགུལ་ལ་མགོ་འཛིན་བྱས།

ཕཱ་ཁི་སི་ཐན་གྱི་རྩ་ཁྲིམས་གཏན་འཁེལ་ལྟར་ན། གྲོས་དཔོན་གྱི་ལས་འགན་དེར་རྒྱལ་དམངས་གྲོས་ཁང་གི་གྲོས་མི་ཕྱེད་ཀ་ཡན་གྱི་རྒྱབ་སྐྱོར་ཐོབ་ན་ད་གཟོད་གདམ་ཆོག་པ་རེད། ཉིན་དེར་འདེམ་ཤོག་སུམ་བརྒྱ་དང་སུམ་ཅུའི་ཁྲོད། ཨ་སཱ་ཏི་ཁའེ་སི་ལ་འདེམ་ཤོག་བརྒྱ་དང་དོན་དྲུག་ཐོབ་པ་རེད། 
ཨ་སཱ་ཏི་ཁའེ་སི་ནི་དྲང་བདེན་ལས་འགུལ་ཏང་གི་མཐོ་རིམ་མགོ་ཁྲིད་པ་ཡིན་པ་དང་། ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྲོས་ཁང་གི་གྲོས་དཔོན་གྱི་འགན་ཁུར་བ་རེད། 
ཉིན་དེའི་ཕྱི་དྲོར་སཱ་ཏིས་ཁི་ཡི་མགོ་འཛིན་འོག ཨ་སཱ་ཏི་ཁའེ་སི་ཡིས་ལས་འགན་ཁུར་བའི་དམ་བཅའ་བཞག་སྟེ། གྲོས་དཔོན་གྱི་འགན་འཁྲི་ལག་བསྟར་བྱེད་མགོ་བརྩམས།།


  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་དམག་དཔུང་གིས་ནོར་ཝེའི་གནས་སྐབས་ཀྱི་བཀོད་སྒྲིག་གཞི་རྒྱ་ཇེ་ཆེར་བཏང་།
  • ལེ་ཚན་རྗེས་མ།: སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།