མཚོ་སྔོན་བོད་སྐད་རླུང་འཕྲིན། 2018-08-17
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་ཝེའི་རྒྱལ་སྲུང་བློན་ཆེན་པཱ་ཁི་ཡན་སིན་གྱིས་ཚེས་བཅོ་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ནོར་ཝེ་དང་ཨ་མེ་རི་ཁས་ཉེ་སྔོན་གྲོས་མཐུན་བཀོད་དེ། ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གི་ནོར་ཝེའི་གནས་སྐབས་བཀོད་སྒྲིག་གཞི་རྒྱ་ཇེ་ཆེར་གཏང་རྒྱུ་ཡིན་པ་དང་། མི་གྲངས་མིག་སྔའི་སུམ་བརྒྱ་དང་སུམ་ཅུ་ནས་བདུན་བརྒྱར་འཕར་ངེས་རེད་ཟེར།
པཱ་ཁི་ཡན་སིན་གྱིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བསྟན་དོན། ཨ་མེ་རི་ཁས་ཉིས་སྟོང་བཅོ་བརྒྱད་ལོའི་རྗེས་སུ་མུ་མཐུད་དུ་རེས་མོས་ཀྱིས་བཅའ་སྡོད་བྱེད་པའི་ཐབས་ཀྱིས་ནོར་ཝེ་རུ་མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་མི་བཀོད་སྒྲིག་བྱས་ཏེ་སྦྱོང་བརྡར་བྱེད་དུ་འཇུག་རྒྱུ་ཡིན་པ་དང་། བཀོད་སྒྲིག་བྱེད་ས་དེ་ནོར་ཝེའི་དབུས་ཕྱོགས་ཀྱི་ཝེ་ཨིན་ནེ་སི་དམག་དོན་རྟེན་གཞི་ལས་གཞན་ནོར་ཝེའི་བྱང་ཕྱོགས་ས་ཁུལ་དུ་རྟེན་གཞི་ཞིག་ཁ་སྣོན་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་མི་སྐོར་ཞིག་ཆེས་སྔ་ན་ད་ལོའི་སྟོན་ཁར་ནོར་ཝེའི་བྱང་ཕྱོགས་ས་ཁུལ་གྱི་རྟེན་གཞི་རུ་བཀོད་སྒྲིག་བྱེད་རྒྱུ་རེད། བཀོད་སྒྲིག་གསར་བ་ལྟར་ན། ཆེས་མཇུག་མཐར་ནོར་ཝེ་རུ་བཀོད་སྒྲིག་བྱས་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་བདུན་བརྒྱར་བསླེབ་སྲིད་ཟེར།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10