ཕཱ་ཁི་སི་ཐན་གྱིས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་དུས་ཚོད་གཏན་འཁེལ་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-06-28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཧི་སེ་ཡུན་གྱིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་རྒྱལ་ཁབ་དེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་ཡིག་ཆར་ཆོག་མཆན་བཀོད་པ་དང་། ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། ཕཱ་ཁི་སི་ཐན་གྱི་སྲིད་འཛིན་ཏང་དང་ཡང་ན་སྲིད་འཛིན་མནའ་འབྲེལ་གསར་བ་འདེམ་རྒྱུར་ཐག་བཅད།

རྒྱལ་དམངས་གྲོས་ཁང་ནི་ཕཱ་ཁི་སི་ཐན་གྲོས་ཁང་ཞོལ་མ་ཡིན་པ་དང་། ད་ལྟ་ལས་གནས་སུམ་བརྒྱ་དང་ཞེ་གཉིས་ཡོད། དེའི་ནང་ལས་གནས་ཉིས་བརྒྱ་དང་དོན་གཉིས་རྒྱལ་དམངས་ཀྱིས་ཐད་ཀར་དུ་བདམས་པ་ཡིན་ལ། མང་ཤོས་ཀྱི་རྩ་དོན་ལག་བསྟར་བྱས་པ་རེད། དེའི་འཕྲོའི་ལས་གནས་བདུན་ཅུ་སྔར་མུས་ལྟར་སོར་འཇོག་བྱེད་པ་ཡིན་ལ། །དེའི་ནང་བུད་མེད་ཀྱི་ལས་གནས་དྲུག་ཅུ་དང་གྲངས་ཉུང་ཆོས་ལུགས་ཕྱོགས་ཁག་གི་ལས་གནས་བཅུ་འདུས།

རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་མང་ཤོས་རྒྱལ་བའི་སྲིད་ཏང་དེ་སྲིད་འཛིན་ཏང་དུ་འགྱུར་བ་ཡིན། གལ་ཏེ་སྲིད་ཏང་གང་རུང་ལ་འདེམ་ཤོག་མང་ཤོས་མ་ཐོབ་ན་སྲིད་འཛིན་མནའ་འབྲེལ་འཛུགས་ཀྱང་སྲིད། སྐབས་གསར་བའི་ཙུང་ལི་དེ་སྲིད་འཛིན་ཏང་དང་སྲིད་འཛིན་མནའ་འབྲེལ་གྱིས་མིང་བཏོན་ནས་རྒྱལ་དམངས་གྲོས་ཁང་ནས་འདེམ་ཤོག་འཕངས་ཏེ་བདམས་པ་ཡིན། སྐབས་གསར་བའི་ཙུང་ལི་ཡིས་ནེ་ཀིའི་ཁོངས་མི་གཏན་འཁེལ་བྱས་ཏེ་སྐབས་གསར་བའི་སྲིད་གཞུང་འཛུགས་དགོས་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་“འཛམ་གླིང་ཡོངས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཨུ་ཡོན་ལྷན་ཁང་”གི་དམིགས་བསལ་སྒྲོག་སྒོར་དབུ་ཚོགས་ལ་ཞུགས་མཁན་ཕྱི་ཕྱོགས་སྐུ་ཚབ་དང་མཇལ་འཕྲད་གནང་བ་མ་ཟད་བཞུག
  • ལེ་ཚན་རྗེས་མ།:ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཝང་ཆི་ཧྲན་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།