ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཨ་པ་ཞི་ལ་མཇལ་འཕྲད་གནང།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-04-11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧེ་ནན་ཞིང་ཆེན་པའོ་ཨོ་རྒྱལ་མགྲོན་ཁང་ནས་ཕ་ཁི་སི་ཐན་གྱི་ཙུང་ལི་ཨ་པ་ཞི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། 2015ལོར་ངས་ཕ་ཁི་སི་ཐན་ལ་འཚམས་འདྲི་བྱས་པའི་ཚུན་ལ། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་། དེང་སྐབས། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་བྱུང་སྟེ། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱི་ཁྱོན་ཡོངས་ཀྱི་མཛའ་བཤེས་འབྲེལ་བ་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་དོན་དངོས་ཀྱི་དོན་སྙིང་སྔར་ལས་གལ་ཆེན་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་བ་རྗེས་རེས་རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་མཛའ་བཤེས་འདོན་སྤེལ་བྱས་ནས། མུ་མཐུད་དུ་ཕན་ཚུན་བར་རྒྱབ་སྐྱོར་བྱེད་པ་དང་། ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། སྔར་ལས་བཟང་བོའི་ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ཨ་པ་ཞི་ཡིས་བཤད་རྒྱུར། ཕ་ཁི་སི་ཐན་དང་ཀྲུང་གོ་གཉིས་ནི་སྤུན་ཟླ་བཟང་བོ་ཡིན་ལ། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ནས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་པ་དེ་ཕ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པས། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་དངུལ་ལོར་དང་ནུས་ཁུངས། ཞིང་ལས། རྨང་གཞིའི་སྒྲིག་ཆས། མི་ཤུགས་ཐོན་ཁུངས་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་མཉམ་དུ་བདེན་དཔང་བྱས།

ཏིན་ཞོ་ཞང་དང་ལིག་ཧི། དབྱང་ཅེ་ཁྲི། ཝང་དབྱི། ཧི་ལི་ཧྥིན་བཅས་སོ་སོར་གོང་གི་བྱ་འགུལ་ཁྲོད་ཞུགས།


  • ལེ་ཚན་སྔོན་མ།:ཆོས་དབྱིངས་སྐྱིད་ཀྱིས་འགྲོས་རྩལ་འགྲན་བསྡུར་ལས་ཨང་དང་པོ་བླངས།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་ཅ་ག་ཏར་ཕེབས་ནས་ཧིན་རྡུ་ཉི་ཞི་ཡར་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།