2018-04-10
རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འགྲོས་རྩལ་འགྲན་བསྡུར་གྱི་འགྲན་སློང་འགྲན་བསྡུར༼ཕོར་ཐིའུ་ཀལ་ས་ཚིགས༽དུ། སྤྱི་ལེ20ཡི་སྐྱེས་མའི་འགྲོས་རྩལ་འགྲན་བསྡུར་ཁྲོད་ཆོས་དབྱངས་སྐྱིད་ཀྱིས་གསེར་གྱི་རྟགས་མ་བླངས།
2018ལོའི་ཟླ4པའི་ཚེས7ཉིན་སྤེལ་བའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འགྲོས་རྩལ་འགྲན་བསྡུར་གྱི་འགྲན་སློང་འགྲན་བསྡུར་གྱི༼ཕོར་ཐིའུ་ཀལ་ས་ཚིགས༽གྱི་འགྲན་བསྡུར་ཁྲོད་བོད་ཀྱི་བུད་མེད་ལུས་རྩལ་མ་ཆོས་དབྱངས་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ28སྐར་ཆ04ཡི་དུས་ཡུན་སྤྱད་ནས་སྤྱི་ལེ20ཡི་སྐྱེས་མའི་འགྲོས་རྩལ་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མའི་བྱ་དགའ་བྱ་བླངས་འདུག།
ཆོས་དབྱིངས་སྐྱིད་ནི1990ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། 2012ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་འདུར་རྒྱུག་སྤྱི་ལེ20ཡི་འགྲན་བསྡུར་དུ་ཡ་གླིང་གི་ཟིན་ཐོ་ལས་བརྒལ་ཏེ་རང་རྒྱལ་གྱི་ཨོ་རྩལ་འགྲན་ཚོགས་སུ་བྱ་དགའ་ཐོབ་མཁན་གྱི་བོད་རིགས་ལུས་རྩལ་པ་ཐོག་མར་གྱུར། སྔ་ཕྱིར་རྒྱལ་ཕྱི་ནང་གཉིས་ནས་གསེར་དངུལ་གྱི་བྱ་དགའ་མང་པོ་བླངས་པའི་བོད་ཀྱི་གཞོན་སྐྱེས་བུད་མེད་ལུས་རྩལ་པ་ཞིག་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10