འཛམ་གླིང་ཐོག་ཆེས་ཆེ་བའི་ཉི་ནུས་གནམ་གྲུ་དབུས་ཤར་ས་ཁུལ་དུ་གསར་བཟོ་བྱས།

    གངས་ལྗོངས་ཉི་གཞོན་དྲ་བ།    2015-03-04

འཛམ་གླིང་ཐོག་ཆེས་ཆེ་བའི་ཉི་ནུས་གནམ་གྲུ་དབུས་ཤར་ས་ཁུལ་དུ་གསར་བཟོ་བྱས།
           གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཉི་ནུས་སྒུལ་ཤུགས་ཨང་རྟགས་2པའི་གནམ་གྲུ་དེ་འཛམ་གླིང་གི་ཆེས་ཆེ་བའི་འགྲུལ་སྐྱེལ་གནམ་གྲུ་དང་འདྲ་ཞིང་། དེའི་རིང་ཚད་ལ་སྨི་72དང་། ལྗིད་ཚད་ལ་ཏུན་2.3ཡོད་ལ། ཆེས་མཐོ་བའི་འཕུར་ཚད་ནི་སྨི་8500དང་། ཆེས་མགྱོགས་པའི་མྱུར་ཚད་སྤྱི་ལེ་ནི་140ཡིན་པ་རེད། ཉི་ནུས་གནམ་གྲུ་འདིའི་མ་སྒྲོམ་དང་གཤོག་ཟུང་ནི་ཐན་འདུས་རྒྱུ་ཆ་ཡང་མོ་དག་གིས་བཟོས་པ་དང་། གཤོག་པའི་ཐོག་ཤིན་ཏུ་སྲབ་ཅིང་ནུས་ཆོད་མཐོ་བའི་ཉི་ནུས་གློག་རྫས་པང་ལེབ་17248སྒྲིག་འགོད་བྱས་ཡོད། ཤེད་འཕྲུལ་འཁོར་སྒམ་དུ་ལྗིད་ཚད་ལ་སྤྱི་རྒྱ་633ཡོད་པའི་གྱེས་རྡུལ་ལིས་ཀྱི་གློག་རྫས་ཤིག་སྒྲིག་འགོད་བྱས་ཡོད།  
           ཉི་ནུས་སྒུལ་ཤུགས་ཨང་རྟགས་2པ་ནི་འཛམ་གླིང་གི་ཉིན་མཚན་གཉིས་ལ་འཕུར་བསྐྱོད་ཐུབ་པའི་གནམ་གྲུ་གཅིག་པུ་དེ་ཡིན་པར་མ་ཟད། འབར་རྫས་ཐིགས་པ་གཅིག་ཀྱང་བེད་སྤྱོད་བྱས་མེད་པའི་ཉི་ནུས་གནམ་གྲུ་ཞིག་ཀྱང་ཡིན། གནམ་གྲུ་འདི་ད་ལོའི་ཟླ་3པའི་ཟླ་འགོར་དབུས་ཤར་ས་ཁུལ་གྱི་ཨ་བྷི་ཌ་དྷེ་ནས་འཕུར་འགོ་བརྩམས་ཏེ། དབྱིན་ལེ་22000ཡི་སའི་གོ་ལར་བསྐོར་བའི་འཕུར་བསྐྱོད་ཐོག་མ་དེ་འགོ་བརྩོམ་རྒྱུ་ཡིན་པ་རེད། ཉི་ནུས་གནམ་གྲུ་གསར་བཟོ་བྱེད་མཁན་དང་གནམ་གྲུའི་ཁ་ལོ་བ་ཡིན་པའི་Bertrand Piccard དང་ Andre Borschberg གཉིས་ཀྱིས་རེས་མེས་སྒོས་གནམ་གྲུ་འདིའི་ཁ་ལོ་བསྒྱུར་རྒྱུ་རེད། །

  • ལེ་ཚན་སྔོན་མ།:ཨ་མེ་རི་ཁར་གངས་རླུང་ཆེན་མོའི་གནོད་པ་ཐེབས་ཏེ་མི་བྱེ་བ་དྲུག་ལ་ཤུགས་རྐྱེན་ཐེབས་པ་དང་མེ་སྒོར་ཐེར་འབུམ་གཅིག་ལ་བརྒལ་བའི་གྱོང་གུད་བྱུང་ཡོད་པར་བཤད།
  • ལེ་ཚན་རྗེས་མ།:ཝང་ཏུང་མིང་དང་ཀུ་ཤུ་སྤྱི་གཉེར་ཁང་གི་སྤྱི་གཅོད་པ་ཁུ་ཁེ་རྣམ་གཉིས་ཀྱིས་ལས་ཀའི་སྐོར་ནས་གསུང་གླེང་གནང་།
  • དོ་སྣང་ཆེ་བའི་རྩོམ།