ཕཱ་ཁི་སི་ཐན་མཐའ་མཚམས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-06-03

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཕཱ་ཁི་སི་ཐན་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན།ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཝ་ཅི་ལི་སི་ཐན་བྱང་མའི་ཚོ་ཁག་ས་ཁུལ་གྱི་དམག་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ།དམག་མི་གིཅག་དང་དྲག་ཆས་ཉེས་ཅན་བཅུ་བཞི་ཕྱོགས་གཉིས་ཀྱི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན།ཉིན་དེའི་ཞོགས་པར།ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ།དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་།དམག་མི་གཉིས་ལ་རྨས་ཕོགདེའི་རྗེས་སུ་ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཕྱིར་རྒོལ་ལན་སྤྲད་པར་མ་ཟད།དྲག་ཆས་གྱེན་འཕུར་གནམ་གྲུ་མངག་སྟེ་དྲག་ཆས་ཉེས་ཅན་བཅུ་བཞི་བསད་ཟེར།
མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།  །
  • ལེ་ཚན་སྔོན་མ།:ཀྲུང་གོ་དང་མ་ལེ་ཤི་ཡའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ40འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚོགས།
  • ལེ་ཚན་རྗེས་མ།:པཱ་ཀི་སི་ཐན་དུ་བོད་ཡིག་གི་འབྲི་རྒྱུན་སླར་གསོ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།