ཨ་མེ་རི་ཁའི་ཙུང་ཐུང་གིས་མེ་མདའ་ཚོད་འཛིན་བྱེད་པའི་ཐབས་ཇུས་ཁྱབ་སྒྲོག་བྱས་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-01-18

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཅུ་དྲུག་ཉིན་ཕོ་བྲང་དཀར་པོ་ནས་ཕྱོགས་ཡོངས་ནས་མེ་མདའ་ཚོད་འཛིན་བྱེད་པའི་ཐབས་ཇུས་ཁྱབ་སྒྲོག་བྱས་པ་དང་། དེའི་ནང་དོན་བཅའ་ཁྲིམས་དང་སློབ་གསོ། བདེ་ཐང་། ཚན་རིག་ཞིབ་འཇུག་བཅས་ལ་འབྲེལ་ཡོད། ཁོས་ཞོར་དུ་རྒྱལ་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། དཔུང་འཇུག་རང་བཞིན་གྱི་མེ་མདའ་དང་ཤོང་ཚད་ཆེ་བའི་མདའ་ཁག་ཕྱིར་འཚོང་བྱེད་པར་གཏན་འགོག་བྱེད་པ་དང་། མེ་མདའ་ཉོ་མཁན་ཚང་མའི་ལོ་རྒྱུས་རྒྱབ་ལྗོངས་ལ་ཞིབ་བཤེར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨོ་པཱ་མཱ་ཡིས་ཉིན་དེར་མེ་མདའ་ཚོད་འཛིན་བྱེད་པའི་འབྲེལ་བའི་སྲིད་འཛིན་བཀའ་རྒྱ་ཉེར་གསུམ་པ་བཀོད་པ་དང་། དེའི་ནང་དོན་གཙོ་བོར་མེ་མདའ་ཉོ་མཁན་གྱི་ལོ་རྒྱུས་རྒྱབ་ལྗོངས་ལ་ཞིབ་བཤེར་བྱེད་སྐབས་རྫུན་བཤད་མཁན་ལ་ཆད་གཅོད་ནན་མོ་བྱེད་པ་དང་། རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ཀྱིས་ལོ་རྒྱུས་རྒྱབ་ལྗོངས་ཞིབ་བཤེར་ལས་ཁུངས་ལ་འབྲེལ་ཡོད་རྒྱུ་ཆ་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཏོན། མེ་མདའི་དྲག་ཤུགས་ཞིབ་འཇུག་ལས་གཞིའི་ཚད་བཀག་ལྷོད་ཡངས་སུ་གཏོང་བ། རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་འཛིན་ལས་ཁུངས་ཀྱིས་ནག་ཉེས་རྟོག་ཞིབ་ཁྲོད་རྙེད་པའི་མེ་མདའ་རྩ་རྩད་གཅོད་བྱེད་དགོས་པའི་རེ་བ་བཏོན། སློབ་གྲྭར་རྒྱལ་ཕྲན་མཉམ་འབྲེལ་གྱིས་བྱིན་པའི་མ་དངུལ་བཀོལ་ནས་བདེ་སྲུང་ལེགས་བཅོས་བྱེད་དགོས། གཞི་རིམ་སྡོད་ཁུལ་དུ་མེ་མདའ་འཁྱམ་རྐུན་གྱི་ལག་ཏུ་ཤོར་བར་སྔོན་འགོག་བྱེད་པའི་བྱ་འགུལ་སྤེལ་བ་སོགས་འདུས། དེ་ལས་གཞན་ཨོ་པཱ་མཱ་ཡིས་ད་རུང་དུ་ཆང་མེ་ཆས་ཅུའུ་ཡི་ཅུའུ་ཀྲང་ཚབ་མ་ཐའོ་ཏི་ཆུང་སི་ཡིས་ཅུའུ་དེའི་ཅུའུ་ཀྲང་གི་འགན་ཁུར་རྒྱུའི་མིང་བཏོན།

  • ལེ་ཚན་སྔོན་མ།:ཝུའུ་པང་གོ་ཡིས་ཐེ་གོའི་གྲོས་ཁང་གོང་མའི་གྲོས་དཔོན་ཉི་ཁུང་བཱ་ལ་ཕ་ཉི་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཨུ་རུ་སིའི་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།