མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-10-19
བསྒྲགས་པའི་གནས་ཚུལ་ལྟར་ན། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣས་ཧཱ་ཁཱ་ལི་ཞིང་ཆེན་གྱི་དམག་དོན་རྟེན་གཞིའི་སོ་ལྟ་ཁང་གཉིས་ལ་འཇབ་རྒོལ་བྱས་ཏེ། དམག་མི་གསུམ་བསད་པ་དང་མི་གཅིག་ལ་རྨས་ཕོག ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་དེའི་རྗེས་སུ་རྒོལ་ལན་སྤྲད་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣ་བདུན་བསད་ཟེར།
ཐུར་ཁེའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཚན་མུའུ་པུའུ་ཡིས་དེའི་སྔོན་སྤེལ་བའི་གསལ་སྒྲོག་ལྟར་ན། ད་ལོའི་ཟླ་གཉིས་པ་ནས་ཟླ་བརྒྱད་པའི་བར། ཐུར་ཁེའི་དམག་དཔུང་གིས་བསྡོམས་པས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣ330བསད་པ་དང་། ཐུར་ཁེའི་དམག་དོན་མི་སྣ88འགུལ་བསྐྱོད་ཁྲོད་རྐྱེན་ལམ་དུ་ཤོར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10