ཞི་ཅིན་ཕེན་གྱིས་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-05-23

ཞི་ཅིན་ཕེན་གྱིས་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧྲང་ཧེ་ནས་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧི་མིན་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན་ཧྲང་ཧེ་ནས་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧི་མིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར།ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཐ་ཅི་ཁི་སི་ཐན་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོར་བརྩིས་ཏེ།ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་།དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་རོགས་སྐྱོར་བྱེད་བཞིན་ཡོད།ན་ནིང་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ།རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་བསླེབས་པ་དང་།ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གནས་བབ་བཟང་བོ་བྱུང་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་ཕྱོགས་དང་འགྲིམ་འགྲུལ་དང་རྨང་གཞིའི་སྒྲིག་ཆས།བཟོ་ལས་ས་ཁུལ།ཞིང་ལས་ལག་རྩལ་དཔེ་སྟོན་ས་ཁུལ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ།རིག་གནས་དང་སློབ་གསོ།གནས་སྐོར་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་།ཁྲིམས་འཛིན་བདེ་འཇགས་དང་འགོག་སྲུང་ལས་དོན་མཉམ་ལས་ལ་ཤུགས་བསྣན་ཏེ།མཉམ་དུ་ངན་ཤུགས་གསུམ་དང་།དུག་ཚོང་རྒྱག་པ།རྒྱལ་ཁོངས་ལས་བརྒལ་ཏེ་ནག་ཉེས་བཟོ་བ་བཅས་ལ་ཆམ་ཕབ་དྲག་པོ་གཏོང་འདོད་ཡོད་ཟེར།ལཱ་ཧི་མིན་གྱིས་བཤད་རྒྱུར།ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་གྱིས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད།ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས།ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྙིང་སྟོབས་འདོན་སྤེལ་བྱས་ནས།ས་ཁུལ་ཞི་བདེ་དང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ལ་ནུས་པ་སྔར་ལས་ཆེན་པོ་འདོན་འདོད་ཡོད་ཟེར།  ། 
 
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་དང་གྲོས་མོལ་མཛད།
  • ལེ་ཚན་རྗེས་མ།:སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཁྱབ་བསྒྲགས་བྱས།
  • དོ་སྣང་ཆེ་བའི་རྩོམ།