ལིས་ཁི་ཆང་གིས་ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་དང་གྲོས་མོལ་མཛད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-05-09

ལིས་ཁི་ཆང་གིས་ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་དང་གྲོས་མོལ་མཛད།
ཟླ5བའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨ་པུའུ་ཅ་ནས་ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་དང་གྲོས་མོལ་མཛད།
ལིས་ཁི་ཆང་གིས་ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་དང་གྲོས་མོལ་མཛད།
ཟླ5བའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨ་པུའུ་ཅ་ནས་ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས7ཉིན་གྱི་སྔ་དྲོར་ཨ་པུའུ་ཅ་ནས་ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། སྐུ་ཞབས་ཙུང་ཐུང་ལགས་ཀྱིས་ན་ནིང་ཀྲུང་གོར་ཕུན་སུམ་ཚོགས་པའི་ངང་འཚམས་འདྲི་མཛད་དེ། ཀྲུའུ་ཞི་ཞི་ཅིན་ཕེན་བར་ཕན་འབྲས་ལྡན་པའི་ངང་གྲོས་མོལ་མཛད། ཀྲུང་གོ་དང་ནི་ཀྲེ་རི་ཡ་གཉིས་སོ་སོར་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་ཚོགས་པ་ཆེས་ཆེན་པོ་ཡིན་ལ། མི་གྲངས་མང་བའི་རྒྱལ་ཁབ་ཡང་ཡིན། མཉམ་ལས་ལ་ཤུགས་སྣོན་པ་དེས་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ལ། ས་ཁུལ་དང་འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་ཐད་ལའང་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེ་རི་ཡ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། མཉམ་ལས་རྒྱ་བསྐྱེད་པ། བརྗེ་རེས་ཇེ་དམ་དུ་བཏང་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་གཞོགས་འདེགས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས། ཀྲུང་གོ་དང་ནི་ཀྲེ་རི་ཡ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཆའོ་ན་སིན་གྱིས་ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ནི་ཀྲེ་རི་ཡ་དང་ཨ་ཧྥེ་རི་ཁ་གླིང་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་ལྕགས་ལམ་དང་མཁའ་འགྲུལ། ཉོ་ཚོང་། དངུལ་གཏོང་། ཞིང་ལས། ཆུ་གློག ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཨ་མེ་རི་ཁའི་གསར་འགྱུར་སྡེ་ཚོགས་ཀྱི་ཙུང་ཚེ་ཐང་མུའུ་སིན་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།