དཔྱིད་དཔལ་གྱི་དུས་མཇུག་ལ་སླེབས་དུས་ཀྲེན་ཅང་གི་ས་གནས་ཁག་གི་གྲོང་སྡེ་རུ་བལྟས་པ་ཙམ་གྱིས་ཡིད་དབང་འཕྲོག་པའི་མཛེས་ཉམས་ཤིག་མངོན་འདུག 2013ལོའི་ལོ་མཇུག་གི་བར་དུ། ཀྲེན་ཅང་གིས་གྲོང་སྡེ་ཁྲི2.7གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཤིང་། བཅོས་སྐྱོང་བྱེད་ཚད་བརྒྱ་ཆ94ལ་ཟིན་པ་རེད། ཀྲེན་ཅང་གིས་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་པ་དེ་གྲོང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་མ་ཟད། ད་རུང་ཧུར་བརྩོན་གྱིས་གྲོང་ཁྱེར་དང་གྲོང་སྡེ་མཉམ་བསྲེས་བྱ་རྒྱུའི་གོམ་སྟབས་ཇེ་མགྱོ གས་སུ་གཏོང་བར་སྐུལ་འདེད་བྱས་ཡོད། 2013ལོར། ཀྲེན་ཅང་གི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར16106ཡོད་པས། བསྟུད་མར་ལོ29ཡི་རིང་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་ཨང་དང་པོར་གྱུར། ཀྲེན་ཅང་གི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་བར་གྱི་ཡོང་འབབ་ཧེ་བབ་དེ་བསྡུར་ཚད2.35དང1བར་ཆག་པས། ཞིང་ཆེན་དེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་བར་གྱི་ཡོང་འབབ་ཧེ་བབ་ཆེས་ཆུང་བའི་ཞིང་ཆེན་ཞིག་ཏུ་གྱུར།