ཟླ་བ4པའི་ཚེས13ཉིན།མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མཁན་ཨ་ལེས་འཁྲབ་གཞུང་རྩོམ་པ་དང་འཁྲབ་ཁྲིད་པ་ཧྥུ་ཏུང་ཡུའེ་ཡིས་འཁྲབ་ཁྲིད་ལག་བསྟར་བྱས་པ།ཧྲང་ཧའེ་གློག་བརྙན་ཚོགས་ཁག་གིས་པར་ལེན་པའི་མི་རིག་སྒྱུ་རྩལ་གྱི་གློག་བརྙན།)༼བོད་ཀྱི་མཁའ་དབྱིངས༽ཞེས་པ་དེ་ཧྲང་ཧའེ་རུ་ཐོག་མར་བཏང་བ་རེད། ཟླ་བ4པའི་ཚེས15ཉིན་ཧྲང་ཧའེ་ཡི་གློག་བརྙན་ཁང་ཆེན་མོ་སོ་སོ་རུ་མངོན་གསལ་དུ་གཏང་རྒྱུ་རེད།
༼བོད་ཀྱི་མཁའ་དབྱིངས༽ནང་སྲས་སྐུ་ཞབས་བསྟན་འཛིན་དང་ཞིང་བྲན་ཕུར་བུ་བར་གྱི་དགའ་སྐྱོ་ཆགས་སྡང་གཙོ་བོ་བྱས་ཏེ་མི་སྣ་གཙོ་བོ་གཉིས་ཀྱིས་བོད་ཞི་བའི་བཅིངས་འགྲོལ་གཏོང་བ་དང་། དམངས་གཙོ་བཅོས་བསྒྱུར། བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་དུས་སྐབས་གསར་པའི་གལ་ཆེ་བའི་དུས་རིམ་གསུམ་དུ་རང་རང་སོ་སོའི་ལས་དབང་དང་བསམ་བློ་བསྒྱུར་བཀོད་བྱས་ཚུལ་བཤད་ཡོད། ཆུ་ཚོད་གཉིས་ལ་ཉེ་བའི་གློག་བརྙན་ནང་གར་བསྡུས་བྱས་ཏེ་དུས་རབས20པའི་བོད་དུ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་ལོ་རྒྱུས་དུས་རིམ་ཞིག་སྟོན་པ་རེད།