བོད་ལྗོངས་ཀྱིས་ད་ལོར་བོད་ནས་ཨང་རྟགས2000མུའུ་ཁྲི38ལ་ཉེ་བ་འདེབས་པ་ཁྱབ་གདལ་དུ་བཏང་།

མིག་དམར་གྱིས་བསྒྱུར།        2014-04-28

 ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ4པའི་ཚེས7ཉིན་འབྱོར་བའི་གཏམ་གསར། གསར་འགོད་པ་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་རྒྱུས་ལོན་བྱུང་རྒྱུར། 2014ལོར་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ནས་ཀྱི་ས་བོན་གསར་པ་སྟེ་བོད་ནས་ཨང་རྟགས2000མུའུ་ཁྲི37.73དཔེ་སྟོན་འདེབས་འཛུགས་ཁྱབ་གདལ་གཏང་རྒྱུ་ཡིན་པས་ན་ལོ་དང་བསྡུར་ན་མུའུ་ཁྲི27.13འཕར་སྣོན་བྱུང་བ་རེད།
    རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཉི་མ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར། བོད་ལྗོངས་ནི་འཛམ་གླིང་དུ་གཞི་ཁྱོན་གཅིག་བསྡུས་ཀྱིས་ནས་འདེབས་པའི་ས་ཁུལ་གཅིག་པུ་དེ་ཡིན་ལ། ནས་འདེབས་གསོ་དང་སྣ་མང་ཅན་གྱི་ས་བོན་འདེབས་གསོ་བྱེད་སའི་ལྟེ་གནས་ཀྱང་ཡིན། 2012ལོར་ལྗོངས་ཡོངས་སུ་མུའུ་ཁྲི1.2ཡོད་པའི་ཐོན་རྫས་འཕར་བའི་མི་མངོན་པའི་ནུས་ཤུགས་ཆེ་བ་དང་འོས་འཚམས་རང་བཞིན་ཆེ་བའི་བོད་ནས་ཨང་རྟགས2000གི་ས་བོན་དཔེ་སྟོན་འདེབས་འཛུགས་བྱས་ཤིང་། ཚོད་ལྟ་བྱས་ནས་ར་འཕྲོད་བྱུང་རྒྱུར་བོད་ནས་ཨང་རྟགས2000འདེབས་པ་དེ་ས་བོན་གཞན་འདེབས་པ་ལས་ཕན་འབྲས་དེ་བས་ལེགས་པོ་བྱུང་། 2013ལོར་འདེབས་རྒྱ་ཁྱབ་གདལ་བཏང་བ་མ་ཚད་དགའ་འོས་པའི་དཔལ་འབྱོར་ཕན་འབྲས་ཀྱང་ཐོབ་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ན་ལོར་བོད་ལྗོངས་ཀྱིས་དཔེ་སྟོན་བྱས་ཏེ་བོད་ནས་ཨང་རྟགས2000མུའུ་ཁྲི10.6འདེབས་རྒྱ་ཁྱབ་གདལ་དུ་བཏང་སྟེ་མུའུ་རེར་ཆ་སྙོམས་སྤྱི་རྒྱ26.5འཕར་བས། ཞིང་པར་ཡོང་འབབ་ཐད་ཀ་སྒོར་ཁྲི1123.6འཕར་བ་རེད།
        བོད་ནས2000ཕྱིར་སྤེལ་བྱས་པ་ནི་བོད་ལྗོངས་ནས་ཚན་རྩལ་ཞིབ་འཇུག་བྱས་པའི་གལ་ཆེ་བའི་གཏོར་རྒལ་ཞིག་ཡིན་ཞིང་། བོད་ལྗོངས་ཀྱི་འབྲུ་རིགས་ཉེན་མེད་ཁག་ཐེག་བྱུང་བར་གལ་ཆེ་བའི་དོན་སྙིང་ལྡན་པ་རེད།
    ནས་ནི་བོད་ལྗོངས་ཀྱི་འབྲུ་རིགས་ལོ་ཏོག་གཙོ་བོ་ཡིན་ཞིང་། ཞིང་འབྲོག་མི་དམངས་ཀྱི་འབྲུ་རིགས་ཟད་གྲོན་གྱི་བརྒྱ་ཆ60ནི་ནས་ཡིན།ནས་ཐོན་འབོར་དེ་བོད་ལྗོངས་འབྲུ་རིགས་སྤྱིའི་ཐོན་འབོར་གྱི་བརྒྱ་ཆ55ཡས་མས་ལ་ཟིན། དེ་མིན་ནས་ནི་བོད་ལྗོངས་ཞིང་པའི་ཡོང་འབབ་ཀྱི་འབྱུང་ཁུངས་གལ་ཆེ་བ་དེའང་ཡིན་པ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དངུལ་རྩ་ཡི་དབུལ་སྐྱོར་ཞིང་ཕན་གྱི་ལས་གྲྭར་ཐོག་མའི་གྲུབ་འབྲས་ཐོབ།
  • ལེ་ཚན་རྗེས་མ།: ཀྲེན་ཅང་གི་སྡུག་མཛེས་ལྡན་པའི་གྲོང་སྡེའི་དཔྱིད་དཔལ་གྱི་མཛེས་ཉམས་མངོན།
  • དོ་སྣང་ཆེ་བའི་རྩོམ།