ཞིང་ཁྱིམ་དཔེ་མཛོད་ཁང་གིས་བོད་ལྗོངས་ཀྱི་ཞིང་འབྲོག་མི་དམངས་ལ་ཡོན་ཏན་སྣོན།

གངས་སྐྱིད་ཀྱིས་བསྒྱུར།        2014-12-17

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར།    ལོ་འདི་ལོ་གཉིས་རིང་ལ་ང་ཚོ་འདིར་དཔེ་ཆ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག       དལ་ཁོམ་ཡོད་པའི་དུས་སུ་རང་ཉིད་ཀྱིས་ལྟ་འདོད་ཡོད་པའི་དཔེ་ཆར་ལྟ་ཆོག་པ་རེད་ཅེས་པ་འདི་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་ཡུམ་བུ་བླ་སྒང་གི་གྲྭ་པ་དོན་འགྲུབ་ཀྱིས་གསར་འགོད་པར་བཤད་པའི་སྐད་ཆ་རེད། 
     ཉེ་བའི་ལོ་ཤས་རིང་།  ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ཀྱི་གཞི་རིམ་དཔེ་མཛོད་ཁང་སྐྲུན་པར་མཐོང་ཆེན་དང་རྒྱབ་སྐྱོར་གནང་ཡོད།  རིམ་རྩིས་བྱས་ན་ཞིང་དུད་ཀྱི་དཔེ་མཛོད་ཁང་འཛུགས་པར་མ་དངུལ་སྒོར་དུང་ཕྱུར1.09བཏང་ཡོད་ཅིང་།  དགོན་པའི་དཔེ་མཛོད་ཁང་འཛུགས་པར་མ་དངུལ་སྒོར་ཁྲི3757བཏང་ཡོད།   མིག་སྔའི་བར་དུ་སླེབས་སྐབས།   རིམ་རྩིས་བྱས་ན་བོད་ལྗོངས་ཀྱི་ཞིང་ཁྱིམ་དཔེ་མཛོད་ཁང་ལ་དཔེ་ཆ་རིགས993གྱི་དེབ2760སྒྲིག་སྦྱོར་བྱས་ཡོད།   དགོན་པའི་དཔེ་མཛོད་ཁང་ལ་དཔེ་ཆ་རིགས472ཀྱི་དེབ1052དང་དཔེ་སྒྲོམ10སྒྲིག་སྦྱོར་བྱས་ཡོད།
 བོད་ལྗོངས་ཀྱིས2008ལོ་ནས་འགོ་ཚུགས་ཏེ་ཞིང་ཁྱིམ་དཔེ་མཛོད་ཁང20བཙུགས་ནས 2012ལོར་སྒོ་ཀུན་ནས་ཞིང་ཁྱིམ་དཔེ་མཛོད་ཁང5451 བསྐྲུན་ཡོད།   ཞིང་ཁྱིམ་དཔེ་མཛོད་ཁང་བསྐྲུན་པའི་ཉམས་མྱོང་ཕྱོགས་བསྡུས་བྱས་པའི་རྨང་གཞིའི་ཐོག་བོད་ལྗོངས་ཀྱིས2011ལོར་དགོན་པའི་དཔེ་མཛོད་ཁང480སྐྲུན་འགོ་ཚུགས་ཡོད།   ལོ་གཅིག་རིང་ལ་དགོན་པའི་དཔེ་མཛོད་ཁང1700ལྷག་བསྐྲུན་རྒྱུའི་ལས་འགན་ལེགས་འགྲུབ་བྱུང་བ་རེད། 
འདུས་སྡེ་ཁུལ་གྱི་ཡུལ་མིས་དཔེ་མཛོད་ཁང་དུ་ཡོང་ནས་དཔེ་ཆ་བལྟས་ཆོག་པ་མ་ཟད།  ད་དུང་དཔེ་ཆ་ཁྱིམ་དུ་གཡར་ཏེ་བལྟས་ཆོག་པས།  དལ་ཁོམ་དུས་སུ་དཔེ་ཆ་ལྟ་བ་དང་སློབ་སྦྱོང་བྱེད་པར་སྟབས་བདེ་ཡོད་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན།   ལྗོངས་ཡོངས་ཀྱི་དགོན་པ1700ལྷག་གི་ནང་བོད་ལྗོངས་ཀྱིས་ད་ལོར་ད་རུང་གྲྭ་བཙུན་གྱི་མི་གྲངས་མང་ཙམ་དང་དགོན་པའི་གཞི་ཁྱོན་ཆེ་ཙམ།  དཔེ་མཛོད་ཁང་དོ་དམ་བྱེད་ལུགས་ཡག་ཙམ་ཡིན་པའི་དགོན་པ200ཀྱི་དཔེ་མཛོད་ཁང་གི་སྤུས་ཀ་མཐོ་རུ་བཏང་སྟེ་གློག་ཀླད་དང་མཚལ་རྒྱག་འཕྲུལ་ཆས་སོགས་འབྲེལ་ཡོད་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་སྔར་ལས་ལྷག་པར་དཔེ་མཛོད་ཁང་གི་དོ་དམ་ཆུ་ཚད་མཐོ་རུ་གཏང་རྒྱུ་རེད།
  • ལེ་ཚན་སྔོན་མ།:《ཀྲུང་གོ་སྤྱི་དམངས་ཀྱི་མི་རིགས་འབྱུང་ཁུངས་དོ་དམ་བྱེད་ཐབས》དེ་སྤྱི་ཚོགས་ལ་བསམ་འཆར་བསྡུ་ལེན་བྱས།
  • ལེ་ཚན་རྗེས་མ།:ཧུའུ་པེའི་ཞིང་སྡེ་གསར་པའི་ནང་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དེ་ཡུལ་ལྗོངས་ཤིག་ཏུ་ཆགས།
  • དོ་སྣང་ཆེ་བའི་རྩོམ།