ཧུའུ་པེའི་ཞིང་སྡེ་གསར་པའི་ནང་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དེ་ཡུལ་ལྗོངས་ཤིག་ཏུ་ཆགས།

        2014-12-17

ཉེ་ཆར།ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ཟུར་ཟའི་རི་མོའི་དྲིལ་བསྒྲགས་ཀྱི་སྒོ་བྱང་ཚན་པ་ཞིག་ཧུའུ་པེ་ཞིང་ཆེན་ཨེན་ཧྲི་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་ཁུལ་ཤན་ཨེན་རྫོང་ཅའོ་ཡོན་གྲོང་རྡལ་ཧྲུའེ་ཐན་པ་གྲོང་སྡེའི་རྐང་འདེགས་ཁང་པའི་འགྲམ་དང་གྲོང་གསེབ་ཀྱི་བགྲོད་ལམ་ངོགས་སུ་སྦྱར་ཡོད་ཅིང་། ཞིང་སྡེ་གསར་པའི་མི་དམངས་ཀྱི་འཚོ་བར་འཇུག་པའི་མཛེས་ཉམས་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར། ས་གནས་དེ་གའི་ཕྱོགས་བསྡུས་བཅོས་སྐྱོང་དང་ཁྲིམས་འཛིན་སོགས་སྡེ་ཁག་གིས་ཞིང་སྡེར་ཁྲིམས་ལུགས་ཁྱབ་གདལ་གཏོང་སྟངས་གསར་སྐྲུན་བྱས་ཏེ།   འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་སྟབས་བདེ་ཞིང་ཁ་གསལ་བ་དང་ཚིག་ཉུང་ཞིང་སྤྱོད་གོ་ཆེ་བའི་ཚིག་གྲུབ་ཅིག་འདུས་ཏེ་ཟུར་ཟའི་རི་མོའི་སྒོ་བྱང་ཆུང་ངུ་བཟོས་ཏེ་ཞིང་པ་ཕྱིར་བགྲོད་པའི་ལམ་བུ་གཙོ་བོའི་འགྲམ་དུ་གཏན་ཁེལ་བྱས་ཤིང་། ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འགྱུར་བའི་རྣམ་པར་སྤྱད་དེ་ཞིང་པའི་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་རུ་བཏང་བ་དང་ཞིང་པའི་བཅའ་ཁྲིམས་བྱང་ཚད་མཐོ་རུ་གཏོང་བ་དང་ །  ཞིང་པས་བཅའ་ཁྲིམས་ཤེས་པ། བཅའ་ཁྲིམས་བེད་སྤྱོད་བྱེད་ཤེས་པ།བཅའ་ཁྲིམས་སྲུང་བ་བཅས་ལ་སྣེ་ཁྲིད་དེ་ཞིང་སྡེའི་ཁྲིམས་སྐྱོང་གི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:ཞིང་ཁྱིམ་དཔེ་མཛོད་ཁང་གིས་བོད་ལྗོངས་ཀྱི་ཞིང་འབྲོག་མི་དམངས་ལ་ཡོན་ཏན་སྣོན།
  • ལེ་ཚན་རྗེས་མ།:ཧྲན་ཏུང་ཞིང་ཆེན་ཀྲོའུ་ཕིང་གྲོང་སྡེའི་གྲོང་མིས་སྡེ་ཁུལ་གསར་པར་སྤོས་ཏེ་དྲོད་ལྡན་གྱི་དགུན་ཁ་སྐྱེལ།
  • དོ་སྣང་ཆེ་བའི་རྩོམ།