ཁུལ་ཨུའི་དྲིལ་བསྒྲགས་པུའུའི་ཀྲི་པུའུ་ཏང་ཡོན་འོས་འགན་ངལ་རྩོལ་བྱེད་སྒོར་ཞུགས།

བློ་བཟང་སྒྲོལ་མ།        2014-04-08

ཟླ་བ3པའི་ཚེས28ཉིན།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དང་བསྟུན་ནས།ཁུལ་ཨུའི་དྲིལ་བསྒྲགས་པུའུའི་ཀྲི་པུའུ་ཡིས་ཁུལ་ལས་སྒྲུབ་ཨུ་ལྷན་གྱི་འཆར་འགོད་ལྟར།ཏང་ཡོན30ལྷག་ཁྲོམ་ལམ་གྱི་སྡོད་ར་ལ་སོང་ནས་ཏང་ཡོན་འོས་འགན་གྱི་ངལ་རྩོལ་བྱེད་སྒོར་ཞུགས་པ་རེད།སྡོད་རའི་ལས་བྱེད་པའི་སྣེ་ཁྲིད་འོག་དར་མདོ་རྫོང་ཁྲིམས་འཛིན་ཅུས་ཀྱི་རྒྱ་ར་ལ་སོང་ནས་ལས་ཀ་བཙོག་པ་དང་ངལ་དུབ་ཆེ་བ་ལ་མི་འཛེམས་ནས་རྒྱ་ར་ནང་གི་འཚོ་བའི་གད་སྙིགས་དང་བཟོ་སྐྲུན་གད་སྙིགས་སོགས་གཙང་འཕྱག་བྱས་རྗེས།རྒྱ་རའི་སྡོད་མཁན་ཡོངས་ལ་གཙང་སྦྲའི་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་ངལ་རྩོལ་གྲུབ་འབྲས་ལ་བརྩི་མཐོང་བྱེད་ཅིང་གད་སྙིགས་གང་མོས་འཕེན་མི་ཉན་པ་སོགས་ཀྱི་ཡིག་ཆ་མཐོང་སྣང་གསལ་ས་ལ་སྦྱར་བ་རེད།
  • ལེ་ཚན་སྔོན་མ།: དཀར་མཛེས་ཚགས་པར་ཁང་གིས་སྡེ་དགེ་རྫོང་དུ་སེམས་མཐུན་ཕྱོགས་མཐུན་གྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:སེམས་མཐུན་གྱི་འགྲོ་ལམ་ཐོག་བསྐྱོད་ནས་འཆམ་མཐུན་གྱི་དགོན་པ་སྐྲུན།
  • དོ་སྣང་ཆེ་བའི་རྩོམ།