ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔའི་བར་དང་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་ལམ་ཁྱོན་ཡོངས་ནས་ལས་འགོ་ཚུགས།

སྐལ་ཐུབ་ཀྱིས་བསྒྱུར།        2014-04-08

    ཟླ་བ3པའི་ཚེས27ཉིན། ཞིང་ཆེན་ཡོངས་ཀྱི2014ལོའི་མ་དངུལ་གཏོང་འཇོག་དང་གལ་ཆེའི་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དེ་ཁྲེང་ཏུའུ་ལ་འཚོགས་པ་རེད།
    ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་དཔོན་གཞོན་པ་ཀྲུང་མེན་གྱིས་ཚོགས་འདུའི་ཐོག་བསྟན་དོན། འབྱུང་འགྱུར་གྱི་དུས་རིམ་ནང་དུ་སྔར་ལྷག་གིས་མ་འཇོག་གི་ཁྱབ་ཁོངས་ལེགས་འགྱུར་གཏོང་དགོས་པ་དང་། དམངས་ཁྲོད་མ་འཇོག་གི་གསོན་ཤུགས་ལ་སྐུལ་སྤེལ་གཏོང་བ། རིགས་དང་རིམ་པ་དུས་རིམ་བཅས་བགོས་ནས་དོ་དམ་ལ་ཤུགས་སྣོན་རྒྱག་པ། གནད་ཆེའི་རྒྱུ་རྐྱེན་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོ གས་གཏོང་དགོས། སྔོན་ས་ནས་ཞིབ་འཇུག་དང་ཇུས་འགོད་གྲབས་གསོག་བྱེད་ཅིང་སྔོན་བཀོད་ཀྱི་གྲ་སྒྲིག་ལས་ཀ་ཇེ་མགྱོ གས་སུ་གཏོང་བ་དང་། གཙོ་གནད་རྣམ་གྲངས་ལས་འགོ་མགྱོ གས་སུ་ཚུགས་པར་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་ལེན་བསྟར་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
    ད་ལོའི་ནང་ཚུད་ལ་ཁྲེང་ཏུའུ་ནས་ཧྲེ་མེན་དང་། ལའོ་ཧྲན་བར་གྱི་འགྲུལ་སྐྱེལ་ཆེད་ལམ་དང་། ཁྲེང་ཏུའུ་ནས་ཨན་ཧའེ་ཁྲུང་ཆིན་བར་གྱི་མྱུར་བགྲོད་གཞུང་ལམ་དང་འཇང་ས་དམ་དང་ཕན་ཀྲི་ཧྭའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སི་ཁྲོན་ས་ཁོངས་ཀྱི་དུམ་བུ་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྲུབ་པར་བྱས་ནས་བེད་སྤྱོད་བྱ་རྒྱུ་ཡིན་ཞིང་། ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔའི་བར་དང་གཡག་རྔ་ནས་དར་མདོའི་བར། ཝུན་ཁྲོན་ནས་འབར་ཁམས་བར་བཅས་ཀྱི་མྱུར་བགྲོད་གཞུང་ལམ་ཁྱོན་ཡོངས་ནས་ལས་འགོ་ཚུགས་རྒྱུ་ཡིན་ཞིང་། ཁྲེང་ཏུའུ་གནམ་གྲུ་ཐང་གསར་པ་དང་། སི་ཁྲོན་ལྷོ་ཕྱོགས་གྲོང་ཁྱེར་གྱི་ལྕགས་ལམ་སོགས་ཀྱི་རྣམ་གྲངས་ཀྱི་སྔོན་བཀོད་ལས་ཀ་ཡང་ཇེ་མགྱོ གས་སུ་གཏོང་བཞིན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་སུ་བོད་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་ཏེ་འུར་རྡོ་འཕེན་པའི་འགྲན་བསྡུར་སྤེལ།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་སྲིད་གྲོས་ཀྱིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་སློང་ཚོགས་འདུ་ཐེངས་དང་པོ
  • དོ་སྣང་ཆེ་བའི་རྩོམ།