བོད་ལྗོངས་སུ་བོད་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་ཏེ་འུར་རྡོ་འཕེན་པའི་འགྲན་བསྡུར་སྤེལ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2014-04-04

བོད་ལྗོངས་སུ་བོད་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་ཏེ་འུར་རྡོ་འཕེན་པའི་འགྲན་བསྡུར་སྤེལ།
འགྲན་ཞུགས་པས་འུར་རྡོ་འཕེན་བཞིན་པ།བོད་ལྗོངས་སུ་བོད་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་ཏེ་འུར་རྡོ་འཕེན་པའི་འགྲན་བསྡུར་སྤེལ།


 

འགྲན་ཞུགས་པས་འུར་རྡོ་འཕེན་བཞིན་པ།
ཟླ3པའི་ཚེས27ཉིན། བོད་ལྗོངས་རིན་སྤུངས་རྫོང་གི་རོང་འབྲོག་མང་ཚོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་ཏེ་འུར་རྡོ་འཕེན་པའི་འགྲན་སྡུར་སྤེལ་ཞིང་། ཐེངས་འདིའི་བྱ་འགུལ་གྱིས་ཡུལ་དེ་གའི་མི་དམངས་མང་ཚོགས་ཀྱི་ལས་གསེང་འཚོ་བ་ཕུན་སུམ་ཚོགས་པོར་བཏང་བར་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ལམ་རྩེད་མོ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དགེ་མཚན་ཆེན་པོ་ཐོན།

བོད་ལྗོངས་སུ་བོད་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་ཏེ་འུར་རྡོ་འཕེན་པའི་འགྲན་བསྡུར་སྤེལ།
           འུར་རྡོའི་བྱུང་འཕེལ།
བོད་ཀྱི་འུར་རྡོ་ནམ་བྱུང་གི་ལོ་རྒྱུས་ཐད་ནས་གཞལ་ན་ཕལ་ཆེར་ལོ་ངོ་ཁྲི་ཕྲག་མང་པོ་ཞིག་གི་གོང་རོལ་ནས་སྐྱེ་འཕེལ་བྱུང་བའི་བོད་གདོད་མའི་མི་ལ་དུས་རབས་མི་ཉུང་བ་ཞིག་རྩི་རྒྱུ་ཡོད་པ་ལས།ལོ་རྒྱུས་ལྟར་ན།བོད་ཀྱི་མངའ་མཛད་དགུའི་ཐོག་མ་གནོད་སྦྱིན་ནག་པོའི་དུས་ནས་བཟུང་དགྲ་འགོག་རང་སྲུང་གི་ནུས་པ་ཐོན་པའི་མཚོན་ཆའི་བྱེད་ཐབས་བཀོལ་རྒྱུའི་སྲོལ་བྱུང་ཡོད་ལ།ཐོག་མར་མདའ་གཞུ།སྟ་རེ།དགྲ་སྟ།རྐང་ཤིང༌།སྒྱོགས།ཆུ་གྲི།ཞགས་པ།འུར་རྡོ།དོང་རལ།ཕུབ་ཆུང་སོགས་དར་བར་མངོན།སྟྭ་རེ་དང་ཆུ་གྲི་སོགས་དར་བར་གྲགས་པའི་ཤུགས་ནས་དཔྱད་ན་འདི་དུས་ནས་བོད་མི་རིགས་ལ་རྡོ་ལྕགས་བཞུ་སྦྱང་དང་ལྕགསབཟོ་ལྕགས་མགར་གྱི་ལག་རྩལ་ཡོད་པར་མངོན།དེ་ལས་ཀྱང་འུར་རྡོ་ནི་མངའ་མཛད་དགུའི་ཐོག་མ་གནོད་སྦྱིན་ནག་པོ་ནས་བགྲང་པའི་དྲུག་པ་ཀྲོག་ཀྲོག་འདྲེ་ཡི་དབང་བསྒྱུར་གྱི་དུས་ནས་དར་བར་མངོན་པ།བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་གྲགས་ཅན༼མཁས་པའི་དགའ་སྟོན༽ལས།དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ།།ལང་ཏང་ལིང་ཏང་བར་ཁ་འུར་རྡོ་འཕེན།།ཞེས་སོགས་དང༌།དེ་བཞིན་གཞན་དུ།ཡུལ་གླིང་སྲིན་པོ་ནག་པོའི་ཡུལ་དགུ་ཟེར།།བྲག་རི་དམར་ནག་ནགས་ཁྲོད་གནས་སུ་བཟུང༌།།མི་རྣམས་སེམས་ཅན་ཤ་ཟ་གདོང་བ་དམར།།སྲིན་མོའི་རྐང་དང་འུར་རྡོ་ལག་ཆ་བྱུང༌།།ལྟ་བུ་ཅུང་མཐུན་མིན་མངའ་མཛད་ལྔ་བ་དང་དྲུག་པ་གཉིས་ཀྱི་དུས་ལ་ངོས་འཛིན་སྟངས་མི་འདྲ་བའི་གླེང་ཕྱོགས་མཆིས་ན་ཡང༌།གདོད་མའི་བོད་མི་མངའ་མཛད་དགུའི་དུས་སྐབས་སུ་དར་བ་ཡིན་པར་ཐམས་ཅད་གཅིག་མཐུན་འགལ་མེད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མངོན་པ་འདི་ནི་བོད་ཀྱི་འུར་རྡོའི་ལོ་རྒྱུས་དུས་ཡུན་གསལ་བྱེད་བདེན་དཔང་ཡིན་པ་བསྙོན་མེད་དོ།།
སྨིན་དབུས་པོའི༼བོད་ཀྱི་འུར་རྡོའི་བྱུང་རིམ་དང་རིན་ཐང་ཅུང་ཙམ་གླེང་བ༽ཞེས་པ་ལས་དྲངས།
 

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།
  • ལེ་ཚན་རྗེས་མ།:ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔའི་བར་དང་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་ལམ་ཁྱོན་ཡོངས་ནས་ལས་འགོ་ཚ
  • དོ་སྣང་ཆེ་བའི་རྩོམ།