མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-04-03
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཟླ3པའི་ཚེས31ཉིན་པེ་ཅིན་ནས་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་དང་རིགས་འདྲ་རྩ་འཛུགས་རྒྱལ་སྤྱིའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་དམངས་ཁང་གི་ཀྲུའུ་ཞི་ཝེ་ལིས་ཧའོ་ཧྥུའུ་སོགས་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྔར་ལས་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་འབྲེལ་བའི་ཁྱད་སྟོབས་དེ་སྔར་ལས་མང་པོའི་དོན་དངོས་ཀྱི་གྲུབ་འབྲས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་དང་། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་དམངས་ཁང་དང་རྒྱལ་སྤྱིའི་མཐུན་ཚོགས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་གྲུབ་འབྲས་བཟང་བོ་བླངས་པར་ཁས་ལེན་གང་ལེགས་མཛད།
ཝེ་ལིས་ཧའོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་མཐུན་ཚོགས་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10