ཞི་ཅིན་ཕེན་གྱིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕེ་དང་གྲོས་མོལ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-04-03

ཞི་ཅིན་ཕེན་གྱིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕེ་དང་གྲོས་མོལ་མཛད་པ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ3པའི་ཚེས31ཉིན་པུའུ་ལུའུ་སེ་ཨར་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕེ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ3པའི་ཚེས31ཉིན་པུའུ་ལུའུ་སེ་ཨར་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕེ་དང་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་།
  
མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བར་ལྟ་ཚུལ་ཡང་དག་འཛིན་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་སྟོབས་ཤུགས་ཆེན་པོ་དང་ཚོང་ར་ཆེན་པོ། དཔལ་ཡོན་ཆེན་པོ་བཅས་ཟུང་འབྲེལ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་ཞི་བདེ་དང་འཕར་སྣོན། བཅོས་སྒྱུར། དཔལ་ཡོན་བཅས་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་གསར་སྐྲུན་བྱེད་དགོས་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ཐད་ལ་སྒུལ་ཤུགས་གསར་བ་སྣོན་པ་དང་འཛམ་གླིང་གི་དར་རྒྱས་གོང་འཕེལ་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་གསུངས།   
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་གི་འཐབ་ཇུས་མཉམ་ལས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། གནས་བབ་གསར་བའི་འོག་ཏུ་ང་ཚོས་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ཐད་ཀྱི་ཉིས་སྟོང་ཉི་ཤུ་ལོའི་འཐབ་ཇུས་འཆར་འགོད་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་བར་དང་ཨེ་ཤ་ཡ་དང་ཡོ་རོབ་གླིང་བར། འཛམ་གླིང་ཡོངས་བཅས་ཕྱོགས་གསུམ་ནས་མཉམ་ལས་བྱེད་དགོས། གཅིག ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཞི་བདེའི་གྲོགས་པོ་བྱས་ནས་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་དགོས། གཉིས། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་འཕར་སྣོན་གྱི་གྲོགས་པོ་བྱས་ནས་ཕན་ཚུན་ལ་འཕེལ་རྒྱས་ཀྱི་གོ་སྐབས་འདོན་སྤྲོད་བྱེད་དགོས། གསུམ། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཅོས་སྒྱུར་གྱི་གྲོགས་པོ་བྱས་ནས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། བཞི། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དཔལ་ཡོན་གྱི་གྲོགས་པོ་བྱས་ནས་ཕན་ཚུན་ཡར་ཐོན་ཡོང་བར་ཆ་རྐྱེན་མང་པོ་འདོན་སྤྲོད་བྱེད་དགོས་ཟེར།
  
ཧྥན་ལུང་ཕེ་ཡིས་བཤད་རྒྱུར། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་དང་བཅས་པའི་གསར་དར་དཔལ་འབྱོར་ཚོགས་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་སྔར་ལས་སྒོ་འབྱེད་པའི་འཛམ་གླིང་གི་དཔལ་འབྱོར་ལ་སྐུལ་འདེད་གཏོང་འདོད་ཡོད། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་དང་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་འདོད་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཨ་ཧྥེ་རི་ཁའི་ལས་དོན་ཐད་ནས་མཉམ་ལས་བྱེད་འདོད་ཡོད་ཟེར།
གྲོས་མོལ་མཛད་རྗེས། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་གཉིས་ཕན་མཉམ་རྒྱལ་གྱི་ཀྲུང་གོ་དང་ཡོ་རོབ་གླིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ།  །

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་སུ་ཞུགས་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཡུས་ཀྲིན་ཧྲིན་གྱིས་ཨུ་རུ་སིའི་མགྲོན་པོར་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།