མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-04-03
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ4བའི་ཚེས8ཉིན་ནས་ཚེས10ཉིན་བར་གདན་དྲངས་པ་ལྟར་ཧེ་ནན་ཞིང་ཆེན་ནས་བསྡུ་རྒྱུ་ཡིན་པའི་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་མ་ཟད་གཏམ་བཤད་སྤེལ་རྒྱུ་རེད།
ལིས་ཁི་ཆང་གིས་གདན་དྲངས་པ་ལྟར། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པའོ་ཐི་དང་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ཧི་མཱེ་ཐའོ་ཧྥུའུ། ལའོ་ཝའོ་རྒྱལ་ཁབ་ཀྱི་ཙུང་ལི་ཐུན་ཞིན། ན་སྨི་པི་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཀུན་ཀི་པུའུ། ཏིས་ཝུན་ཤར་མ་རྒྱལ་ཁབ་ཀྱི་ཙུང་ལི་ཞ་ན་ན་བཅས་ཀྱིས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་ལ་ཞུགས་པ་དང་བསྟུན་ནས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་རེད།
ཧན་གོའི་ཙུང་ལི་ཀྲིན་ཧུང་ཡོན་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ། ཨུ་རུ་སིའི་ཙུང་ལི་གཞོན་པ་ཏི་ཨའོ་ཨེར་ཁི་ཝེ་ཆི། ཡོ་ནན་གྱི་ཙུང་ལི་གཞོན་པ་བུའུ་ཏི་ཏན་བཅས་ཕྱི་རྒྱལ་གྱི་མགོ་ཁྲིད་པ་གདན་དྲངས་པ་ལྟར་ཀྲུང་གོར་ཡོང་སྟེ་ལོ་ཚོགས་ལ་ཞུགས་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10