བདེ་སྐྱིད་འཚོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-04-03
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་བརྒྱད་ནས་ཟླ་བཞི་བའི་ཚེས་གཅིག་ཉིན་བར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་དྲིལ་སྒྲོག་པ་དང་དྲ་རྒྱ་གསར་འགྱུར་མགྲིན་ཚབ་པ་སྐྱེད་སྲིང་བྱེད་པའི་འཛིན་གྲྭ་བསྒྲུབས། གྲོང་ཁྱེར་དང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བ་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས། ཞིང་ཆེན་ལ་གཏོགས་པའི་གསར་འགྱུར་དྲ་ཚིགས་དང་དེ་མིན་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ཀྱི་ས་གནས་འཕྲིན་ལམ་སོགས་ལས་ཁུངས་ཀྱི་དྲ་རྒྱའི་དྲིལ་སྒྲོག་པ་དང་དྲ་རྒྱའི་གསར་འགྱུར་མགྲིན་ཚབ་པ་བརྒྱ་དང་ལྔ་བཅུ་ལྷག་གསོ་སྦྱོང་འཛིན་གྲྭར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་མཉམ་འབྲེལ་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཅི་ཏིས་མ་ཅ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
གསོ་སྦྱོང་འཛིན་གྲྭར་ཞུགས་པའི་མི་སྣས། གསོ་སྦྱོང་བྱས་ནས་ཐོབ་པའི་ཤེས་བྱ་གསར་བ་དང་། ཉམས་མྱོང་གསར་བ་དེ་བྱ་བའི་ལག་ལེན་ཁྲོད་དུ་བཀོལ་ནས། རང་རྟོགས་སྒོས་དྲ་ཐོག་གི་གླེང་ཕྱོགས་བྱ་བ་བཟང་བོར་བསྒྲུབ་པ་དང་། ཤུགས་ཆེན་པོས་དྲ་རྒྱའི་བརྒྱུད་གཏོང་སྒྲིག་ལམ་ཚད་ལྡན་དུ་བཏང་ནས། དྲ་རྒྱའི་དྲིལ་སྒྲོག་དོ་དམ་དང་གླེང་ཕྱོགས་མཛུབ་སྟོན་གྱི་ནུས་པ་ཇེ་ཆེར་གཏོང་རྒྱུའི་ཚུལ་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10