ཀྲུང་གོ་བོད་ཀྱི་དྲ་བ། 2014-03-20
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ད་ལོའི་ཚུན་ནས་བཟུང་།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁ་གཏད་རོགས་སྐྱོར་གཞུང་སྒྲུབ་ཁང་གིས་ནན་ཏན་གྱིས་འགན་འཁྲི་ལག་བསྟར་བྱས་ཏེ།ཧུར་བརྩོན་གྱིས་ཅང་སུའུ་ཞིང་ཆེན་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས།ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་གཞི་འབྲེལ་མཐུད་བྱ་བ་ལེགས་པོར་བསྒྲུབས།མིག་སྔར།ཅང་སུའུ་ཞིང་ཆེན་གྱིས་ད་ལོར་མཚོ་ལྷོ་ཁུལ་ལ་ལས་གཞི32དང་མ་དངུལ་སྒོར་དུང་ཕྱུར2.566གི་རོགས་སྐྱོར་བྱེད་རྒྱུར་ཆོག་མཆན་བཀོད།
ལས་གཞི་སྙན་ཞུའི་གོ་རིམ་ཁྲོད།ཁ་གཏད་རོགས་སྐྱོར་གཞུང་སྒྲུབ་ཁང་གིས་ཐོག་མཐའ་བར་གསུམ་དུ“དམངས་འཚོར་གཟིགས་སྐྱོང་དང་གཞི་རིམ་ལ་ཞབས་ཞུ།ཕྱོགས་ཡོངས་ལ་རོགས་སྐྱོར།གཙོ་གནད་འབུར་ཏུ་བཏོད་པའི”རྩ་དོན་ལག་བསྟར་བྱས་ཏེ།ནན་ཏན་སྒོས་དཔྱད་འདེམས་གཏན་འཁེལ་བྱས་རྗེས་རོང་འབྲོག་དམངས་ཀྱིས་ཐག་གཅོད་བྱེད་པར་རེ་བའི་ལས་གཞི་སྐོར་ཞིག་རོགས་འཛུགས་འཆར་འགོད་ཁྲོད་བཞགཅང་སུའུ་ཞིང་ཆེན་དང་ཐེངས་འགར་འབྲེལ་མཐུད་མཐུན་སྦྱོར་བྱས་པ་བརྒྱུད།2014ལོར་བརྗེ་སྤོར་ལས་གཞི3གཏན་འཁེལ་བྱས་པ་སྟེ།ཞིན་ཧེ་རྫོང་སྤྲེལ་རྫོང་དགོན་པའི་གནས་སྐོར་གཞུང་ལམ་དེ་ཞིན་ཧེ་རྫོང་རླུང་འོད་ཕན་ཚུན་ཁ་གསབ་ཀྱི་ཁྱིམ་སྤྱོད་གློག་ཁུངས་ལས་གཞི་དང་ཞིན་ཧེ་རྫོང་མཁར་གྱི་འཐུང་ཆུ་མགོ་ཁུངས་རྒྱ་བསྐྱེད་བཟོ་འགོད་ལ་བརྗེ་སྤོར་བྱས་པ་དང་།ཐུན་ཏེ་རྫོང་གི་ཐུན་ཏེ་ནས་ཀོས་ནན་བར་གྱི་གཞུང་ལམ་ལས་གཞི་དེ་ཐུན་ཏེ་རྫོང་རང་འབབ་ཆུ་གཙང་བསྒྱུར་ལས་གཞི་ལ་བརྗེ་སྤོར་བྱས།གསར་དུ་བསྣན་པའི་ལས་གཞི4སྟེ།མཚོ་ལྷོ་ཁུལ་སྨན་ཁང་གི་མྱུར་སྐྱོབ་ཚན་ཁག་བཅོས་བསྒྱུར་དང་གུང་ཧི་རྫོང་བགྲེས་སོང་བྱ་འགུལ་ལྟེ་གནས།ཁྲི་ཀ་རྫོང་མཁར་གྱི་སྤྱི་སྤྱོད་སྤྱོད་ཁང་ལེགས་བཅོས་དང་ཁྲི་ཀ་རྫོང་རིག་གནས་གནས་སྐོར་དྲ་ཚིགས་ལེགས་བཅོས་བཅས་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི426དགོས་པ་དེ2014ལོའི་མ་དངུལ་ཁྲོད་ནས་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་།2015ལོར་ལག་བསྟར་བྱེད་རྩིས་ཡོད་པའི་ཞིན་ཧེ་རྫོང་རྐ་ཁོག་སྡེ་བ་ནས་མདོ་བ་སྡེ་བའི་བར་གྱི་གཞུང་ལམ་ལས་གཞི་དེ2014ལོར་ལག་བསྟར་བྱེད་རྒྱུ་ཡིན་ལ།2014ལོར་ལག་བསྟར་བྱེད་པའི་ཞིན་ཧེ་རྫོང་ཧོད་ཁ་གྲོང་རྡལ་ཆ་ཚང་སློབ་ཆུང་གི་ལུས་རྩལ་ར་བའི་ལས་གཞི་དེ2015ལོར་ལག་བསྟར་བྱེད་རྒྱུ་རེད། “སྔ་མོ་ནས་མགོ་རྩོམ་པ་དང་སྔ་མོ་ནས་ཕན་འབྲས་བསྐྲུན་པ།སྔ་མོ་ནས་ཕན་ཁེ་བསྐྲུན་པའི”མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྤྱིའི་བླང་བྱར་གཞིགས་ཏེ།མིག་སྔར།མཚོ་ལྷོ་ཁུལ་ཁ་གཏད་རོགས་སྐྱོར་གཞུང་སྒྲུབ་ཁང་གིས་རྫོང་སོ་སོར་ལས་གཞི་ལག་བསྟར་གྱི་འབྲེལ་ཡོད་ཡིག་ཆ་འགྲེམ་སྤེལ་བྱས་ནས་ལས་གཞིའི་དུས་སྐབས་སྔོན་མའི་བྱ་བ་ལེགས་པོར་སྒྲུབ་པ་དང་།འབྲེལ་ཡོད་ལས་ཁུངས་སོ་སོས་ལས་གཞིའི་གྲ་སྒྲིག་མགོ་རྩོམ་ལག་བསྟར་གྱི་བྱ་བ་ལེགས་པོར་སྒྲུབ་པར་ལྟ་སྐུལ་བྱེད་དགོས་པའི་བླང་བྱ་བཏོན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10