ཕྱི་འབྲེལ་པུས་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་སྐྱོབ་བྱེད་པའི་སྐོར་གླེང་བ།

    ཀྲུང་གོའི་མི་རིགས་རླུང་འཕྲིན།    2014-03-19

ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེ་ཡིས་སྤྱི་ཚེས་༡༧ཉིན་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་ས་ཐོག་དང་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་སྐྱོབ་བྱེད་ཚུལ་སྐོར་གླེང་སྐབས།ཀྲུང་གོའི་ཕྱོགས་ནས་ད་ལྟའི་དུས་རིམ་ནང་གཏན་འཁེལ་བྱེད་པའི་རྩ་དོན་ནི་འཚོལ་སྐྱོབ་སྟོབས་ཤུགས་ཆུང་དུ་མི་གཏོང་བ་དང་འཚོལ་སྐྱོབ་ཁ་ཕྱོགས་སྒྱུར་རྒྱུ་དང་མིག་སྔའི་འཚོལ་སྐྱོབ་ལས་དོན་གྱི་ལྟེ་བ་ལྷོ་རྒྱ་མཚོ་མ་རེད་ཅེས་གསུངས་ཡོད་པ་རེད།
    ཧུང་ལེ་ཡིས་མ་ལེ་ཞི་ཡ་སྲིད་གཞུང་ནས་སྤྱི་ཚེས་༡༥ཉིན་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་ས་ཐོག་དང་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་བརྟག་དཔྱད་ཀྱི་གནས་ཚུལ་གསར་ཤོས་ཁྱབ་བསྒྲགས་བྱས་རྗེས་ཀྲུང་གོའི་ཕྱོགས་ནས་འཕྲལ་དུ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་མཉམ་ཞུགས་གྲོས་ཚོགས་སྐོང་འཚོགས་བྱས་ནས་དུས་བབ་གསར་པར་ཞིབ་འཇུག་བྱས་ཡོད།
    ཀྲུང་གོའི་ཕྱོགས་ནས་མ་ལེ་ཞི་ཡ་ཕྱོགས་ལ།མ་ལེ་ཞི་ཡས་ཀྲུང་གོའི་ཕྱོགས་ལ་དེ་བས་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་པ་དང་འཚོལ་སྐྱོབ་ཁྱབ་ཁོངས་དེ་བས་རྒྱ་ཆེར་གཏོང་བ།འཚོལ་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་སུ་ཁྱིམ་མིར་སེམས་གསོ་བྱེད་པའི་ལས་དོན་ཡག་པོ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཅེས་གསུངས་འདུག
    ཁོང་གིས་ཀྲུང་གོའི་འབྲེལ་ཡོད་སྡེ་ཁག་ནས་ཀྲུང་གོའི་མཚོ་ཐོག་འཚོལ་སྐྱོབ་སྟོབས་ཤུགས་སླར་ཡང་ལེགས་སྒྲིག་དང་བཀོད་སྒྲིག་བྱས་ཡོད་པ་དང་གཏན་འཁེལ་བྱེད་པའི་རྩ་དོན་ནི་འཚོལ་སྐྱོབ་སྟོབས་ཤུགས་ཆུང་དུ་མི་གཏོང་བ་དང་འཚོལ་སྐྱོབ་ཁ་ཕྱོགས་སྒྱུར་ཡོད་པ་དེ་རེད་ཅེས་གསུངས་འདུག
    ཧུང་ལེ་ཡིས་འབྲེལ་ཡོད་རྒྱལ་ཁབ་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ཛ་དྲག་ངང་འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་རྒྱལ་ཁབ་དེ་དག་ནས་འཚོལ་སྐྱོབ་ལ་རམ་འདེགས་བྱེད་པ་མ་ཟད་མ་ལེ་ཞི་ཡ་ཕྱོགས་ལ་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་བྱེད་སྐབས་ཀྲུང་གོའི་ཕྱོགས་ལ་བརྡ་གཏོང་རྒྱུའི་རེ་བ་བཏོན་ཡོད་ཅེས་གསུངས་འདུག
    ཁོང་གིས་མིག་སྔར་འཚོལ་སྐྱོབ་བྱེད་རྒྱུ་ནི་སྔར་བཞིན་ང་ཚོའི་ལས་འགན་གལ་ཆེ་ཤོས་དེ་ཡིན།ཀྲུང་གོའི་ཕྱོགས་ནས་མ་ལེ་ཞི་ཡ་སོགས་འབྲེལ་ཡོད་རྒྱལ་ཁབ་དང་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཚོལ་སྐྱོབ་ལས་དོན་སྔར་ལས་ལྷག་པ་བྱེད་རྒྱུ་དང་རེ་བ་ཕྲན་བུ་ལས་མེད་ཀྱང་ང་ཚོས་འབད་བརྩོན་ཆེ་ཤོས་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
 
  • ལེ་ཚན་སྔོན་མ།:བོད་ལྗོངས་བྱམས་པ་གླིང་དགོན་དུ་མེ་ཏོག་མཆོད་པ་འབུལ་བའི་ཆོ་ག་སྤེལ་བ།
  • ལེ་ཚན་རྗེས་མ།:བྱ་ཐབས་མང་པོ་མཉམ་བཟུང་གིས་ལས་ཞུགས་ཀྱི་དམིགས་ཚད་ལེགས་གྲུབ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།