བོད་ལྗོངས་བྱམས་པ་གླིང་དགོན་དུ་མེ་ཏོག་མཆོད་པ་འབུལ་བའི་ཆོ་ག་སྤེལ་བ།

    མཚོ་སྔོན་པོ་དྲ་བ།    2014-03-19

བོད་ལྗོངས་བྱམས་པ་གླིང་དགོན་དུ་མེ་ཏོག་མཆོད་པ་འབུལ་བའི་ཆོ་ག་སྤེལ་བ།
 ཟླ3པའི་ཚེས16ཉིན་ཏེ་བོད་ལུགས་ཀྱི་ཟླ་དང་པོའི་ཚེས15ཉིན།བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་ཆེན་མོ་སྟེ་བྱམས་པ་གླིང་དགོན་དུ་བཅོ་ལྔའི་མེ་ཏོག་མཆོད་པ་འབུལ་བའི་ཆོ་ག་སྤེལ།ལོ་རེའི་བོད་ལུགས་ཀྱི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་མེ་ཏོག་མཆོད་པ་འབུལ་བ་ནི་དགོན་པ་དེ་གའི་རྒྱུན་སྲོལ་དུ་ཆགས་ཡོད།
    བྱམས་པ་གླིང་དགོན་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་སྲོལ་བཏོད་མཁན་རྗེ་ཙོང་ཁ་པའི་སློབ་མ་ཤེས་རབ་བཟང་པོས་སྤྱི་ལོ1444ལོར་ཕྱག་བཏབ་པ་དང་།དགོན་སྡེའི་ནང་གི་རྟེན་གཙོ་བོ་ནི་རྒྱལ་བ་བྱམས་པ་རེད།ཆབ་མདོ་བྱམས་པ་གླིང་དགོན་དུ་སྤྲུལ་སྐུ་ཆེ་བ་ལྔའི་གདུང་རབས་ཡོད་པ་དང་གྲྭ་ཚང་བཅུ་གཉིས་ཡོད།མིག་སྔར་དགོན་པ་དེའི་ནང་བཙུན་པ་སྟོང་གཅིག་ལྷག་ཡོད་པ་དང་ཉེ་འཁོར་དུ་དགོན་ཆུང70ཡོད།
 
 

  • ལེ་ཚན་སྔོན་མ།:སྲོལ་རྒྱུན་གྱི་བོད་ལུགས་འཚེམ་དྲུབ་ཀྱིས་བོད་རིགས་བུད་མེད་ཀྱི་འཚོ་བོ་གསར་པ་གཏོད་པ།
  • ལེ་ཚན་རྗེས་མ།:ཕྱི་འབྲེལ་པུས་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་སྐྱོབ་བྱེད་པའི་སྐ
  • དོ་སྣང་ཆེ་བའི་རྩོམ།