བོད་ལྗོངས་སུ་འཕྲང་ལམ་གཞུང་ལམ་དུ་འགྱུར་བཞིན་ཡོད།

        2014-03-17

 མི་དམངས་དྲ་བའི་འཕྲིན། མཚོ་བོད་ལྕགས་ལམ་རྒྱུན་མཐུད་བདེ་འཇགས་འཁོར་སྐྱོད་བྱུང་བ་དང་།ནག་ཆུ་ཟོག་འགྲེམས་ལྟེ་གནས་གཉེར་སྐྱོང་ཐུབ་པ།ལྷ་གཞིས་ལྕགས་ལམ་སྐྲུན་བཞིན་ཡོད་པ།ལྷ་ས་ནས་གོང་དཀར་གནང་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་བགྲོད་ཐུབ་པ།མེ་ཏོག་གི་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ་སོགས་རྒྱལ་ཁབ་ཀྱིས་མ་འཇོག་བྱེད་ཤུགས་ཟམ་མ་ཆད་པར་ཆེ་རུ་བཏང་བ་དང་བསྟུན་ནས་བོད་ལྗོངས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ཐད་བཀྲག་མདངས་འཚེར་ས་མང་པོ་ཐོན་ཡོད། མིག་སྔར་བོད་ལྗོངས་སུ་ལྷ་ས་གོང་དཀར་གནམ་ཐང་གིས་ལྟེ་བར་བྱས་པ་དང་ཆབ་མདོའི་སྤང་མདའ་དང་།ཉིང་ཁྲིའི་སྨན་གླིང་།མངའ་རིས་ཀྱི་དགུན་ས།གཞིས་རྩེའི་ཞི་བདེའི་གནམ་ཐང་བཅས་ཡན་ལག་ཏུ་གྱུར་བའི་དམངས་སྤྱོད་མཁའ་འགྲུལ་གནམ་ཐང་གི་དྲ་བ་རགས་ཙམ་ཆགས་ཡོད།རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་48ཤར་གཏོང་ཐུབ་པ་དང་གྲོང་ཁྱེར་29རུ་གནམ་གྲུ་ཤར་གཏོང་ཐུབ་ཀྱི་ཡོད།གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་7ལས་བརྒལ་བ་དང་རྫོང་རིམ་པའི་འགྲུལ་སྐྱེལ་ཁྱབ་ཚད་བརྒྱ་ཆ98.6དང་།ཤང་དང་གྲོང་རྡལ་དུ་ཁྱབ་ཚད་བརྒྱ་ཆ56ཟིན་ཡོད།མཁའ་ཐོག་དང་ས་ངོས་སྣོལ་མའི་འགྲིམ་འགྲུལ་དྲ་བ་གྲུབ་པ་ལས་བོད་ལྗོངས་ནས་འགྲོ་འོང་བྱེད་བདེ་བར་ཕྱིན་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཐེངས་དང་པོའི་སྐྱེ་ཁམས་ཉིན་མོའི་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།: ཀན་སུ་ཀྭ་ཀྲུའུ་རུ་བྱེ་ཐང་བོད་གྲོང་གིས་གནས་སྤོའི་ཡུལ་མིའི་ཕྱུག་འགྱུར་སྤྱིལ་ཁང་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།