ཀན་སུ་ཀྭ་ཀྲུའུ་རུ་བྱེ་ཐང་བོད་གྲོང་གིས་གནས་སྤོའི་ཡུལ་མིའི་ཕྱུག་འགྱུར་སྤྱིལ་ཁང་བསྐྲུན།

        2014-03-17

རྨ་ཆུའི་ནུབ་རྒྱུད་ཀྱི་ས་ཕྱོགས་གལ་ཆེ་བའི་གྲངས་ཉུང་མི་རིགས་གནས་སྤོའི་ཡུལ་མི་གྲོང་གསེང་གི་གྲས་ཤིག་ཡིན་པའི་ཀན་སུ་ཞིང་ཆེན་ཀྭ་ཀྲུའུ་རྫོང་ཀོང་ཀྲི་བོད་རིགས་གྲོང་གསེབ་ཀྱིས་ཉེ་བའི་ལོ་འགའི་ནང་རྣམ་པ་གསར་པའི་སྒྲིག་གཞི་ཞིང་ལས་ཀྱི་རྣམ་པ་བསྒྱུར་བ་འཚོལ་ཞིབ་བྱས་ཏེ་ཤུགས་ཆེན་པོས་བྱེ་ཐང་དུ་ཉི་འོད་དྲོད་ཁང་འཕེལ་རྒྱས་བཏང་བར་བརྒྱུད།ཞིང་ལས་ལག་རྩལ་མི་སྣ་བདམས་ནས་གནས་སྤོ་ཡུལ་མིར་ལག་རྩལ་མཛུབ་སྟོན་དང་བུ་རྫིའི་རྣམ་པའི་སྒོ་ནས་ཞབས་ཕྱི་སྒུབ་ས་མཁོ་འདོན་བྱས་ནས་དུས་ཚིགས་བཟློག་པའི་ཉེན་མེད་སྔོ་ཚལ་སྤྱིལ་ཁང་དེ་བོད་པའི་གྲོང་གསེབ་གནས་སྤོ་ཡུལ་མིའི་ཡོང་འབབ་འཕར་སྣོན་གཏོང་སའི་འགག་སྒྲོལ་དུ་གྱུར་ཡོད་པ་རེད།
    མིག་སྔར།ཀོང་ཀྲི་བོད་རིགས་གྲོང་གསེབ་གནས་སྤོ་ཡུལ་མིས་སྲིད་གཞུང་གི་དབུལ་སྐྱོར་མ་དངུལ་དང་རྣམ་གྲངས་ཁ་གསབ་རོགས་དངུལ་གྱིས་་རོགས་སྐྱོར་འོག་ཉི་འོད་དྲོད་ཁང258བསྐྲུན།ལག་རྩལ་གསོ་སྦྱོང་དང་ལག་རྩལ་དཔེ་སྟོན་བྱས་པ་བརྒྱུད།ཞིང་པར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ཡན་ལ་སླེབས་ཤིང་།བྱེ་ཐང་གི་སྤྱིལ་ཁང་དེ་བོད་གྲོང་གནས་སྤོ་ཡུལ་མིའི་ཕྱུག་འགྱུར་གྱི་སྤྱིལ་ཁང་དུ་གྱུར་བ་རེད།
  • ལེ་ཚན་སྔོན་མ།: བོད་ལྗོངས་སུ་འཕྲང་ལམ་གཞུང་ལམ་དུ་འགྱུར་བཞིན་ཡོད།
  • ལེ་ཚན་རྗེས་མ།:བྱམས་པ་གླིང་དགོན་གྱི་དགེ་འདུན་པས་མཚན་ཉིད་རྩོད་པའི་བྱེད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།