《བོད་ཀྱི་ཆོས་ལུགས་ལོ་རྒྱུས་རིག་གནས་དཔེ་ཚོགས》(དེབ1ནས་དེབ8)པར་བསྐྲུན་འགྲེམ་སྤེལ་བྱས་པ།
མཚོ་སྔོན་པོ་དྲ་བ། 2014-03-12
ཉེ་ཆར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བོད་ཀྱི་ཆོས་ལུགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་མི་སྣ་དབང་གྲགས་ཅན་གདན་ཞུ་བྱས་ནས་བྲིས་པའི་བོད་ཀྱི་ཆོས་ལུགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་ཚོགས་ཏེ《བོད་ཀྱི་ཆོས་ལུགས་ལོ་རྒྱུས་རིག་གནས་དཔེ་ཚོགས》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས། དཔེ་ཚོགས་འདི་ལ་དེབ་བརྒྱད་ཡོད་པ་སྟེ།《གཡང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད》དང་།《སྙིང་མ་པའི་གྲུབ་མཐའ་སྤྱི་བཤད》།《བཀའ་བརྒྱུད་པའི་གྲུབ་མཐའ་སྤྱི་བཤད》།《བཀའ་གདམས་པའི་གྲུབ་མཐའ་སྤྱི་བཤད》།《ཞི་བྱེད་པའི་གྲུབ་མཐའ་སྤྱི་བཤད》།《ཇོ་ནང་བའི་གྲུབ་མཐའ་སྤྱི་བཤད》།《ས་སྐྱ་པའི་གྲུབ་མཐའ་སྤྱི་བཤད》།《དགེ་ལུགས་པའི་གྲུབ་མཐའ་སྤྱི་བཤད》བཅས་འདུས་པ་རེད།
དཔེ་ཚོགས་འདིའི་ནང་དོན་དང་། ཕན་ནུས། འབྲི་སྟངས་སོགས་གང་གི་ཆ་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས2013ལོའི་རྒྱལ་ཁབ་པར་བསྐྲུན་གྱི་ཐེབས་རྩའི་ལས་གཞིའི་རོགས་སྐྱོར་ཐོབ་པ་རེད།