ཁུལ་ཡོངས་ཀྱི་ཕྱུག་འབྲོག་ལས་ཀའི་གྲོས་ཚོགས་འཚོགས།
ལྷ་འཛོམས་ཀྱིས་བསྒྱུར 2014-03-11
ཟླ་བ3པའི་ཚེས3ཉིན།2014ལོའི་ཁུལ་ཡོངས་ཀྱི་ཕྱུགས་འབྲོག་ལས་ཀའི་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད།གྲོས་ཚོགས་ཐོག2013ལོའི་ཁུལ་ཡོངས་ཀྱི་ཕྱུགས་འབྲོག་ལས་ཀར་ཕྱོགས་བསྡོམས་བྱས་ཤིང2014ལོའི་ལས་ཀར་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པ་རེད།ཁུལ་ཨུའི་རྒྱུན་ཨུ།ཁུལ་ཞིང་འབྲོག་ལས་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཁེ་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་བ་རེད།ཁོང་གིས2013ལོར་ཁུལ་ཡོངས་ཀྱི་ཕྱུགས་འབྲོག་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བས་མ་ཚད།ད་དུང་ད་ལོའི་ཕྱུགས་འབྲོག་ལས་ཀ་ཡག་མོ་སྒྲུབ་རྒྱུར་སྐྱེ་ཁམས་སྲུང་སྐྱོང་དང་འདོན་སྤྲོད་འགན་སྲུང་།ཡོང་འབབ་འཕར་སྣོན་འགན་སྲུང་།ཉེན་མེད་ཐོན་སྐྱེད་འགན་སྲུང་བཅས་ཀྱི་ལས་ཀའི་བརྗོད་བྱ་གཙོ་བོ་དང་མགྱོ གས་སུ་གཏོང་དགོས་པ་གསུམ་གྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་རེ་འདུན་ལ་དམིགས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་དང་།ཁྱད་ཆོས་ལྡན་པའི་ཕྱུགས་འབྲོག་ལས་གསོ་སྐྱོང་བྱེད་དགོས།ཐོན་ལས་ཆགས་ཚུལ་ལེགས་སུ་གཏོང་བ་དང་ཐོན་སྐྱེད་བྱེད་སྟངས་ལེགས་ཕྱོགས་སུ་སྒྱུར་བ།ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་བཏང་ནས་སྤྱོད་ཚུལ་བཟང་པོའི་ཐོག་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།
ཧྲུའུ་ཏ་ཁྲུན་གྱིས་དེང་སྐབས་ཀྱི་དཔྱིད་ཀའི་དུས་ཚིགས་ཀྱི་སྲོག་ཆགས་ནད་ཡམས་འགོག་རྒྱུའི་ལས་ཀ་དང་ཕྱུགས་འབྲོག་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་འགོག་ལས་ཀ ཕྱུགས་འབྲོག་ཉེན་མེད་དགུན་དཔྱིད་བརྒལ་རྒྱུ།ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀ ཏང་གི་མང་ཚོགས་ལམ་ལུགས་སློབ་གསོ་ལག་ལེན་བྱེད་སྒོ་སོགས་ཀྱི་ཐད་ལ་རྫོང་དང་ཅུས་སོ་སོ་ལ་རེ་བ་ཞིབ་ཕྲ་བཏོན་པ་རེད།
གྲོས་ཚོགས་ཐོག2013ལོ་འཁོར་གྱི་ཕྱུགས་འབྲོག་མ་ལག་གི་ཕྱོགས་བསྡུས་དམིགས་འབེན་དཔྱད་ཞིབ་སྔོན་ཐོན་སྡེ་ཚན་ལ་གཟེངས་བསྟོད་བྱས་པ་རེད།